དབུ་མཛད་ལ་གད་པའི་དབྱངས་ནང་ཀོ་རཱའི་བུ་རྣམས་ཀྱི་གསུང་མགུར་ཞིག་ནི།
༨༤
ཀྱེ་དཔུང་ཆེན་གྱི་ཡ་ཧོ་ཝཱ། ཁྱེད་ཀྱི་གདན་ས་ཇི་ལྟར་མཛེས། ༢ ཡཱ་ཝཱེའི་ཁྱམས་རྣམས་ངའི་སེམས་ཀྱིས། དུང་དུང་བྱེད་ཅིང་ཧན་དལ་ལོ། ངའི་སྙིང་དང་ལུས་ཀྱིས་གསོན་པོའི། དཀོན་མཆོག་ཕྱིར་ཀུ་ཐག་ཐག་བྱེད།༣ ཀྱེ་དཔུང་ཆེན་གྱི་ཡ་ཧོ་ཝཱ། ངའི་རྒྱལ་པོ་དང་ངའི་དཀོན་མཆོག ཁྱེད་ཀྱི་མཆོད་ཁྲི་རྣམས་ཀྱི་མདུན། བྱིའུར་ཁྱིམ་དང་ཁུག་ཏ་ལ། རང་ཕྲུག་འཇོག་པའི་ཚང་ཞིག་བརྙེས།
༤ ཁྱེད་ཀྱི་ཕོ་བྲང་ནང་སྡོད་མཁན། བདེ་ཞིང་རྟག་ཏུ་ཁྱེད་བསྟོད་འོང་། [སེ་ལཱ།]
༥ ཁྱེད་ནང་མི་སུའི་སྟོབས་ཡོད་ཅིང་། གང་གི་སྙིང་ནང་ཙི་ཨོན་གྱི། ལམ་རྣམས་ཡོད་པ་བསོད་བདེ་ཅན།
༦ མཆི་མའི་ལུང་པ་ནས་འགྲོ་ཞིང་། ཆུ་མིག་གནས་སུ་བྱེད་འགོ་མའི། ཆར་པས་བྱིན་རླབས་ཁྱབ་པར་བྱེད།
༧ དེ་ཚོར་སྟོབས་ཀྱི་ཁར་སྟོབས་རྙེད། དེ་རྣམས་རེ་རེ་ཙི་ཨོན་དུ། དཀོན་མཆོག་ཞལ་ངོར་འཐོན་པར་བྱེད།
༨ དཔུང་ཆེན་དཀོན་མཆོག་ཀྱེ་ཡཱ་ཝཱེ། ངའི་སྨོན་ལམ་གསོན་ཡ་ཀོབ་ཀྱི། དཀོན་མཆོག་ཁྱེད་ཀྱིས་སྙན་གཏོད་ཅིག [སེ་ལཱ།]
༩ ངེད་ཀྱི་ཕུབ་ཀྱེ་དཀོན་མཆོག་གཟིགས། ཁྱེད་ཀྱི་བྱུགས་པའི་གདོང་ལ་གཟིགས།
༡༠ ཁྱེད་ཀྱི་ཁྱམས་ནང་ཞག་གཅིག་གཅིག སྡོད་པ་ཞག་སྟོང་བས་ཀྱང་ལེགས། བསྟན་བཤིག་གུར་ནང་སྡོད་པ་བས། ངའི་དཀོན་མཆོག་གི་ཕོ་བྲང་གི། སྒོ་སྲུང་པ་ལ་འགྱུར་བར་དགའ།
༡༡ ཡཱ་ཝཱེ་དཀོན་མཆོག་ཉི་མ་དང་། ཕུབ་ཡིན་པས་ཡ་ཧོ་ཝཱ་ཡིས། ཐུགས་རྗེ་དང་དཔལ་གནང་བར་འགྱུར། དྲང་པོར་སྤྱོད་པའི་མི་རྣམས་ལ། བཟང་པོ་ཅིའང་སྲི་བར་མི་མཛད།
༡༢ ཀྱེ་དཔུང་ཆེན་གྱི་ཡ་ཧོ་ཝཱ། ཁྱེད་ལ་གདེང་བྱེད་མི་དེ་ཤིས༎