ཨ་སབ་ཀྱི་མགུར་གླུའི་གསུང་མགུར་ཞིག་ནི།
༨༣
ཞལ་རོག་མ་བཞུགས་ཀྱེ་དཀོན་མཆོག གསུང་ངག་མ་གཅོད་ཀྱེ་དཀོན་མཆོག
 ཅི་ལ་ཞུ་ན་གཟིགས་མཛོད་དང་། ཁྱེད་ཀྱི་དགྲ་རྣམས་ཡོ་ལངས་བྱེད། ཁྱེད་ལ་སྡང་བས་མགོ་བཏེགས་སོ༎
 ཁྱེད་ཀྱི་མི་སྡེར་རྒོལ་བ་ལ། གཡོ་སྒྱུའི་གྲོས་བྱེད་ཅིང་ཁྱེད་ཀྱིས། སྦས་ཡོད་རྣམས་ཕྱིར་གྲོས་བྱེད་དོ༎
 དེ་ཚོས་ཤོག་ཅིག་དེ་རྣམས་ནི། མི་བརྒྱུད་གཅིག་ཏུ་མི་ལུས་ཤིང་། ཕྱིན་ཆད་ཨིས་ར་ཨེལ་མིང་ཡང་། མི་དྲན་ཕྱིར་དུ་ཚར་གཅད་ཟེར།
 དེ་རྣམས་གཅིག་སོང་བགྲོ་གླེང་བྱེད། ཁྱེད་ལ་འཐབ་པའི་ཆད་དོན་བྱེད།
 ཨེ་དོམ་པ་ཡི་གུར་ཚོ་དང་། ཨིས་མ་ཨེལ་པ་རྣམས་དང་ནི། མོ་ཨབ་དང་ནི་ཧ་གར་པ།
 གེ་བལ་དང་ནི་ཨམ་མོན་རྣམས། ཨ་མ་ལེག་དང་ཕེ་ལེ་ཤེདཚོར་གྱི་ཡུལ་མི་རྣམས་དང་བཅས།
 དེའི་ཁྲོད་ཨ་སུར་པའང་འདྲེས་ཏེ། ལོད་ཀྱི་བུ་ཚོར་ར་མདའ་བྱས། [སེ་ལཱ།]
 སི་རེ་རཱ་དང་མིད་ཨན་དང་། ཀི་ཤོན་གྲོག་པོར་ཡ་བིན་ལ། ཁྱེད་ཀྱིས་མཛད་བཞིན་དེ་ཚོར་མཛོད།
༡༠ དེ་རྣམས་ཨེན་དོར་དུ་འདས་ཏེ། ཞིང་ལ་དེ་རྣམས་ལུད་ལྟར་གྱུར།
༡༡ དེ་ཚོའི་འགོ་བྱེད་མི་རྣམས་ནི། ཟེབ་དང་ཨོ་རེབ་ལྟར་མ་ཟད། རྒྱལ་ཕྲན་ཐམས་ཅད་ཟེ་བཱ་དང་། ཟལ་མུ་ནཱ་དང་འདྲ་བར་མཛོད།
༡༢ དེ་ཚོས་ངེད་ཀྱི་དཀོན་མཆོག་གི། གདན་ས་བདག་ཏུ་འཛིན་འོང་སྨྲས།
༡༣ ཀྱེ་ངའི་དཀོན་མཆོག་མི་དེ་རྣམས། སྐོར་རླུང་ཐལ་ཚུབ་འདྲ་བ་དང་། རླུང་མདུན་ཡོད་པའི་སོག་མ་ལྟར།
༡༤ མེས་ནགས་སྲེག་མཚུངས་མེ་ལྕེ་ཡིས། རི་རྣམས་སྲེག་འདྲ་དེ་ཚོར་མཛོད།
༡༥ དེ་ལྟར་ཁྱེད་ཀྱི་རླུང་དྲག་གིས། དེ་རྣམས་འདེད་པར་མཛོད་ཅིག་དང་། ཁྱེད་ཀྱི་རླུང་དམར་གྱིས་འཇིགས་ཆུག
༡༦ ཡ་ཧོ་ཝཱ་ཀྱེ་ཁྱེད་ཀྱི་མཚན། དེ་རྣམས་ཀྱིས་ནི་འཚོལ་བའི་ཕྱིར། ངོ་ཚས་དེ་ཚོའི་གདོང་ཁྱབ་ཆུག
༡༧ ཡཱ་ཝཱེའི་མཚན་ཅན་ཁྱེད་གཅིག་ཉིད། ས་གཞི་ཀུན་ཏུ་ཆེར་འཕགས་པ། ལགས་པ་དེ་ཚོས་ཤེས་པའི་དོན།
༡༨ དེ་རྣམས་རྟག་ཏུ་ངོ་ཚ་ཞིང་། སྐྱེང་ཤོག་ངོ་བབས་ནས་སྟོངས་ཤོག།