ཨ་སབ་ཀྱི་གསུང་མགུར་ཞིག་ནི།
༨༢
དཀོན་མཆོག་མི་ཚོགས་ཁྲོད་དུ་དཀོན་མཆོག་བཞུགས། ཁོང་གིས་ལྷ་རྣམས་ཁྲོད་དུ་ཞལ་ཆེ་གཅོད།
 ནམ་ཐུག་ཁྱོད་ཀྱིས་ལོག་པར་ཁྲིམས་གཅོད་ཅིང་། སྡིག་སྤྱོད་མི་ཡི་ངོ་ལ་བལྟ་བར་བྱ། [སེ་ལཱ།]
 དབུལ་ཕོངས་དྭ་ཕྲུག་རྣམས་ལ་འོས་འཚམས་བྱོས། སྡུག་བསྔལ་ཅན་དང་རྒུད་པོ་དྲང་པོ་བྱོས།
 དགོས་འགྱག་ཅན་དང་དབུལ་པོ་སྐྱོབ་པར་བྱོས། སྡིག་སྤྱོད་ལག་ནས་དེ་རྣམས་ཐར་དུ་ཆུག
 དེ་ཚོས་ཅི་ཡང་མི་ཤེས་ཧ་མི་གོ། མུན་ནག་ནང་ན་དེ་དག་ཕན་ཚུན་འགྲུལ། ས་གཞིའི་རྩིག་རྨང་ཐམས་ཅད་འགུལ་གྱུར་ཏོ༎
 ཁྱེད་རྣམས་དཀོན་མཆོག་ཡིན་ཏེ་བླ་མེད་ཀྱི། སྲས་རྣམས་ཡིན་ཞེས་ང་ཡིས་ཟེར་བ་ཡིན།
 འོན་ཀྱང་མི་རྣམས་ལྟར་དུ་ཁྱེད་འཆི་ཞིང་། སྐུ་དྲག་གཅིག་དང་འདྲ་བར་འགྱེལ་བར་འགྱུར།
 ཁྱེད་ཀྱིས་མི་རིགས་ཐམས་ཅད་བདག་པར་བྱ། བཞེངས་ཤིག་ས་གཞིའི་གཤགས་མཛོད་ཀྱེ་དཀོན་མཆོག།