དབུ་མཛད་ལ་དྲེས་མའི་མེ་ཏོག་གི་དཔང་པོ་བྱ་བའི་དབྱངས་ནང་ཨ་སབ་ཀྱི་གསུང་མགུར་ཞིག་ནི།
༨༠
ཨིས་ར་ཨེལ་གྱི་རྫི་བོ་ཀྱེ། ཁྱུ་ལྟར་ཡོ་སེབ་འཁྲིད་མཁན་གསོན། ཀེ་རུབ་སྟེང་བཞུགས་འོད་འཕྲོ་མཛོད།
 ཨེབ་ར་ཨིམ་དང་བེན་ཡ་མིནམ་ན་ཤེ་དང་གསུམ་གྱི་མདུན། ཁྱེད་ཀྱི་མཐུ་སྟོབས་བཞེངས་མཛད་དེ། ངེད་ཅག་སྐྱོབ་ཕྱིར་འབྱོན་པར་མཛོད།
 སྔར་ལྟར་ངེད་མཛོད་ཀྱེ་དཀོན་མཆོག ཁྱེད་ཀྱི་ཞལ་ངོ་འོད་འཕྲོ་མཛོད། དེ་ནས་ངེད་རྣམས་ཐར་བར་འགྱུར།
 དཔུང་ཆེན་དཀོན་མཆོག་ཀྱེ་ཡཱ་ཝཱེ། ཁྱེད་ཀྱི་མི་སྡེའི་སྨོན་ལམ་ལ། ནམ་ཐུག་ཐུགས་ཁྲོ་མཛད་པར་བྱ།
 དེ་ཚོར་འཆི་མའི་ཟས་སྟེར་མཛད། མིག་ཆུ་མང་ཙང་འཐུང་དུ་གནང་།
 ངེད་རྣམས་ཁྱིམ་མཚེས་འཛིང་རྒྱུར་མཛད། ངེད་ལ་དགྲ་རྣམས་ཧབ་དགོད་བྱེད།
 དཔུང་ཆེན་རྣམས་ཀྱི་ཀྱེ་དཀོན་མཆོག ངེད་རྣམས་སྔར་བཞིན་འགྱུར་དུ་ཆུག ཁྱེད་ཀྱི་ཞལ་ངོ་འོད་འཕྲོ་མཛོད། དེ་ནས་ངེད་རྣམས་ཐར་བར་འགྱུར།
 མི་སེར་ནས་རྒུན་ཤིང་ཞིག་དྲངས། མི་བརྒྱུད་རྣམས་བསྐྲད་དེ་དེར་བཙུགས།
 ཁྱེད་ཀྱིས་དེའི་ཕྱིར་གནས་བཅས་ཏེ། རྩ་བ་བརྐྱངས་ཏེ་ཡུལ་གང་བྱུང་།
༡༠ རི་རྣམས་དེ་ཡི་བསིལ་གྱིས་བཀབ། དཀོན་མཆོག་གི་ཤུག་སྡོང་ལྟར། དེ་ཡི་ཡལ་ག་ཡོད་པ་ཡིན།
༡༡ རྒྱ་མཚོའི་བར་དེས་ཡལ་འདབ་བརྐྱངས། ཡུབ་ནད་ཐུག་དེས་ལྕུག་གསར་བརྐྱངས།
༡༢ ཁྱེད་ཀྱིས་མཐའ་གྱང་ཅི་ལ་བཤིགས། ལམ་ལས་འགྲོ་མཁན་མི་ཚང་མས། དེ་ཡི་ཡལ་ག་བཤུར་བར་བྱེད།
༡༣ ནགས་ཀྱི་ཕག་པས་འདོད་མེད་བྱེད། རི་ཡི་རི་དྭགས་ཀྱིས་དེ་ཟའོ༎
༡༤ དཔུང་ཆེན་རྣམས་ཀྱི་ཀྱེ་དཀོན་མཆོག སླར་གདན་འཁོར་ཕྱིར་ངེད་ཀྱིས་ཞུ། གནམ་ནས་ལྟ་ཞིང་གཟིགས་མཛད་དེ། རྒུན་ཤིང་འདི་ལ་ལྟ་བསྐོར་མཛོད།
༡༥ ཁྱེད་ཕྱག་གཡས་པས་བཙུགས་པ་ཡི། སྡོང་པོ་དང་ནི་ཁྱེད་ཉིད་ཕྱིར། ཤེད་ཅན་མཛད་པའི་ཡལ་གར་གཟིགས།
༡༦ མེས་དེ་བསྲེགས་ནས་བཅད་དེ་འདུག ཁྱེད་ཞལ་གྱིས་བཀྱོན་པས་དེ་འདའོ༎
༡༧ ཁྱེད་ཀྱི་ཕྱག་གཡས་ཕྱོགས་ཀྱི་མི། ཉིད་ཕྱིར་སྟོབས་ཅན་མཛད་པ་ཡི། མིའི་བུའི་ཐོག་ཏུ་ཁྱེད་ཕྱག་འཇོག
༡༨ དེ་ནས་ཁྱེད་ལས་ངེད་མི་འཁྱར། ངེད་རྣམས་གསོན་པོར་མཛོད་ཅིག་དང་། ངེད་ཀྱིས་ཁྱེད་ཀྱི་མཚན་རྗོད་འོང་།
༡༩ དཔུང་ཆེན་རྣམས་ཀྱི་ཀྱེ་དཀོན་མཆོག ངེད་རྣམས་སྔར་བཞིན་འགྱུར་དུ་ཆུག ཁྱེད་ཀྱི་ཞལ་ངོ་འོད་འཕྲོ་མཛོད། དེ་ནས་ངེད་ཅག་ཐར་བར་འགྱུར༎