ཨ་སབ་ཀྱི་གསུང་མགུར་ཞིག་ནི།
༧༩
ཀྱེ་དཀོན་མཆོག་གི་ནོར་སྐལ་ནང་ཕྱི་པ་ཞུགས། དེ་ཚོས་ཁྱེད་ཀྱི་དམ་པའི་མཆོད་ཁང་གྲིབ་ཅན་བྱས། ཡེ་རུ་ཤ་ལེམ་དེ་ཚོས་རྫ་སྤུང་དུ་བྱས་སོ༎
 ཁྱེད་ཀྱི་བྲན་པོའི་རོ་རྣམས་གནམ་གྱི་བྱའི་ཟས་དང་། ཁྱེད་ཀྱི་དམ་པའི་མིའི་ཤ་སའི་གཅན་གཟན་ལ་བཏང་།
 ཡེ་རུ་ཤ་ལེམ་གྱི་ཕྱོགས་བཞིར་དེ་དག་གི་ཁྲག ཆུ་ལྟར་ཕོས་ནས་སྐུང་མཁན་གང་ཡང་མེད་པ་ཡིན།
 ཁྱིམ་མཚེས་པའི་ཕྱིར་ངེད་རྣམས་སྨད་པའི་ཚིག་ཏུ་གྱུར། ཉེ་འཁོར་པའི་ཕྱིར་འཕྱ་བ་དང་ཁྲེལ་དགོད་རྒྱུར་གྱུར།
 ཀྱེ་ཡཱ་ཝཱེ་ཁྱེད་ནམ་གྱི་བར་ཐུགས་འཁྲོ་བར་བྱ། ཁྱེད་ཀྱི་ཐུགས་འཁྲེན་མེ་ལྟར་འབར་གྱིན་བཞུགས་འོང་ངམ།
 དེ་ཚོས་ཡ་ཀོབ་ཟོས་ཏེ་གནས་ཚང་སྟོངས་བཅུག་པས།
 ཁྱེད་ངོ་མི་ཤེས་པའི་ཕྱི་དང་ཁྱེད་ཀྱི་མཚན། མི་བརྗོད་པ་ཡི་རྒྱལ་སྲིད་རྣམས་སྟེང་ཐུགས་ཁྲོ་ཕོས།
 ངེད་ཀྱི་ཕ་མེས་ཉེས་སྡིག་ངེད་ཕྱིར་དྲན་མ་མཛད། ངེད་ཆེར་བུབས་པས་ཁྱེད་ཐུགས་རྗེས་མྱུར་སྣ་འདྲེན་ཤོག
 ཀྱེ་ངའི་སྐྱོབ་མཛད་དཀོན་མཆོག་ཁྱེད་མཚན་གྱི་དཔལ་ཕྱིར། སྐྱབས་མཛོད་ཁྱེད་མཚན་གྱི་ཕྱིར་ངེད་རྣམས་ཐར་ཆུག་ཅིག ངེད་ཅག་གི་ཉེས་སྡིག་རྣམས་སེལ་བར་མཛད་དུ་གསོལ།
༡༠ དེ་ཚོའི་དཀོན་མཆོག་གར་ཡོད་ཕྱི་པས་ཟེར་རུང་ངམ། ཁྱེད་ཀྱི་བྲན་པོ་རྣམས་ཀྱི་ཁྲག་ཕོས་པའི་ལན་ནི། ངེད་ཀྱི་མིག་གི་མདུན་དུ་ཕྱི་པར་ཤེས་ཆུག་ཅིག
༡༡ བཙོན་པའི་ཤུགས་ནར་ཁྱེད་ཀྱི་དྲུང་དུ་སླེབ་པར་ཤོག འཆི་ཁར་ཡོད་པ་ཁྱེད་ཀྱི་མཐུ་ཆེན་པོས་སྐྱོབ་མཛོད།
༡༢ ངེད་ཀྱི་ཁྱིམ་མཚེས་པས་ཁྱེད་ལ་འཕྱས་པའི་ཚིག་ངན། བདུན་ལྡབ་དེ་ཚོའི་པང་ནང་འཇལ་མཛོད་ཀྱེ་གཙོ་བོ༎
༡༣ དེ་ནས་ངེད་ཁྱེད་ཀྱི་མི་དང་རྩྭ་ཁའི་ལུག་རྣམས། ཡིན་ཏེ་ཁྱེད་ལ་དུས་རྒྱུན་གཏང་རག་འབུལ་བར་བྱ། ཁྱེད་ཀྱི་བསྟོད་པ་མི་རབས་ཀུན་ལ་སྟོན་པར་འགྱུར༎