དབུ་མཛད་ལ་རྒྱུད་ལྡན་གྱི་རོལ་ཆས་ནང་ཨ་སབ་ཀྱི་གླུ་དབྱངས་ཀྱི་གསུང་མགུར་ཞིག་ནི།
༧༦
ཡ་ཧུ་དཱའི་ནང་དཀོན་མཆོག་མཚན་གྲགས་ཆེ། ཨིས་ར་ཨེལ་ནང་ཁོང་གི་མཚན་ཆེའོ༎
 ཤ་ལེམ་ནང་ན་ཁོང་གི་གུར་མཆོག་ཡོད། ཙི་ཨོན་ནང་ན་ཁོང་གི་བཞུགས་གནས་ཡོད།
 དེ་རུ་ཁོང་གིས་གློག་འཁྱུག་མདའ་དང་ནི། ཕུབ་དང་རལ་གྲི་དམག་ཆས་རྣམས་གཅག་གོ། [སེ་ལཱ།]
 ཁྱེད་ནི་ཟིལ་ཅན་ལགས་ཏེ་ལིངས་མཛད་པའི། རི་བོ་རྣམས་ནས་གཟི་བརྗིད་ཅན་འདུག་གོ།
 སྙིང་ཅན་ཀུན་བཅོམ་འགྱུར་པས་གཉིད་ལྕི་ལོག སྟོབས་ཅན་སུ་ཡི་ལག་པ་ཡང་མ་ཕན།
 ཀྱེ་ཡ་ཀོབ་ཀྱི་དཀོན་མཆོག་ཁྱེད་ཀྱི་ནི། བཀའ་བཀྱོན་གྱིས་ནི་རྟ་རྣམས་ཤིང་རྟ་བཅས། འཆི་བའི་གཉིད་ཀྱིས་འཐིབས་པར་མཛད་པར་བྱེད།
 འཇིགས་པར་དགོས་པ་ཁྱེད་ཉིད་གཅིག་པོ་ཡིན། ཁྱེད་ཐུགས་འཁྲོ་དུས་ཁྱེད་དྲུང་སུ་འགྲེང་ནུས།
༨-༩ ས་གཞིའི་སྙེམས་ཆུང་ཐམས་ཅད་སྐྱོབ་པའི་དོན། ཞལ་ཆེ་གཅོད་དུ་དཀོན་མཆོག་བཞེངས་པའི་དུས། ས་གཞི་འཇིགས་ཏེ་ཁ་རོག་བསྡད་ཁྱེད་ཀྱིས། གནམ་ནས་ཁྲིམས་ཐག་བཅད་པ་ཐོས་སུ་བཅུག [སེ་ལཱ།]
༡༠ མི་ཡིས་ཁྲོ་ལས་ཁྱེད་ལ་བསྟོད་པ་འབྱུང་། ཐུགས་ཁྲོ་ལྷག་མ་སྐུ་རགས་སུ་འཆིང་འོང་།
༡༡ རང་གི་དཀོན་མཆོག་ཡཱ་ཝཱེར་དམ་བཅའ་ཞིང་། སྒྲུབ་པར་བྱོས་ཤིག་ཁོང་གི་འཁོར་ཀུན་གྱིས། འཇིགས་འོས་ཁོང་ལ་ཕྱག་རྟེན་འཁྱེར་བར་དགོས།
༡༢ ཁོང་གིས་མི་ཆེན་རྣམས་ཀྱི་སེམས་གཅག་ཅིང་། ས་གཞིའི་རྒྱལ་པོ་ཚོར་ཁོང་འཇིགས་སུ་རུང་༎