དབུ་མཛད་ལ་འཕུང་མ་ཆུག་ཅེས་པའི་དབྱངས་ནང་ཨ་སབ་ཀྱི་གསུང་མགུར་གྱི་དབྱངས་ཞིག་ནི།
༧༥
དཀོན་མཆོག་ཁྱེད་ལ་ངེད་ཀྱིས་གཏང་རག་འབུལ། ཁྱེད་ཀྱི་མཚན་ནི་ཉེ་བས་གཏང་རག་འབུལ། ཁྱེད་ཀྱི་ངོ་མཚར་ལས་རྣམས་མི་ཚོས་འཆད།
 ང་ཡི་དུས་ཚོད་ལ་ནི་འབབ་པའི་ཚེ། བདག་གིས་དྲང་པོར་ཞལ་ཆེ་གཅོད་པར་བྱ།
 ས་དང་ས་གཞིའི་མི་རྣམས་འཕུང་གྱུར་ཏོ། དེ་ཡི་ཀ་བ་རྣམས་ནི་ངས་བཙུགས་སོ༎ [སེ་ལཱ།]
 ང་རྒྱལ་ཅན་ཚོར་རང་མཐོང་མ་སྐྱེད་ཅིག སྡིག་སྤྱོད་ཚོར་ངས་རུ་བ་མ་ཟིངས་སྨྲས།
 རང་གི་རུ་བ་སྟེང་ཕྱོགས་མ་ཟིངས་ཤིག གཉའ་རེངས་རྣམས་དང་གཏམ་གླེང་མ་བྱེད་ཅིག
 ཅི་ལ་ཟེར་ན་ཤར་རམ་ནུབ་ཕྱོགས་སམ། ལྷོ་ཕྱོགས་ལས་ཀྱང་ཡར་སྐྱེད་མི་འབྱུང་ཡང་།
 ཁྲིམས་དཔོན་དཀོན་མཆོག་ཡིན་པས་ཁོང་གིས་མི། སུ་ནི་མར་འབེབས་སུ་ནི་ཡར་འདེགས་སོ༎
 ཡཱ་ཝཱེའི་ཕྱག་ནང་མཆོད་ཞལ་ཞིག་འདུག་སྟེ། རྒུན་ཆང་དེ་ལས་ལྦུ་བ་ཟོབ་ཟོབ་འཁོལ། དེ་ནི་བསྲེས་པར་བྱས་པས་གང་ནས་འདུག ཁོང་གིས་དེ་ཡི་ནང་ནས་བླུག་པར་མཛད། དེ་ཡི་སྙིགས་མ་ས་གཞིའི་སྡིག་སྤྱོད་ཀུན། བཙིར་ནས་ངེས་པར་འཐུང་བར་འགྱུར་བར་འགྱུར།
 འོན་ངས་དུས་རྒྱུན་གླེང་ཞིང་ཡ་ཀོབ་ཀྱི། དཀོན་མཆོག་ཁོང་ལ་བསྟོད་དབྱངས་རྣམས་འབུལ་བྱ།
༡༠ སྡིག་སྤྱོད་རྣམས་ཀྱི་རྭ་ཀུན་ངས་གཅག་ཀྱང་། ཆོས་དྲང་རྣམས་ཀྱི་རུ་བ་ཡར་འདེགས་འགྱུར༎