ཨ་སབ་ཀྱི་མཱས་ཀིལ་ཞིག་ནི།
༧༤
ཀྱེ་དཀོན་མཆོག་གཏན་ཕྱིར་ང་ཅི་ལ་སྤངས། ཁྱེད་ཀྱི་རྩྭ་ཁའི་ཁྱུ་ལ་ཅིར་ཐུགས་འཁྲོ།༢ སྔོན་དུས་ཁྱེད་ཀྱིས་ཉོས་པའི་མི་ཚོགས་གང་། ཁྱེད་ཀྱིས་བདག་པའི་མི་སྡེར་བླུས་མཁན་དང་། ཁྱེད་ཀྱི་གདན་ས་ཙི་ཨོན་རི་དྲན་འཚལ།
༣ དགྲ་ཡིས་གཙང་ཁང་ནང་བྱས་ངན་ཀུན་ནམ། སྔར་གྱི་ཁང་གོག་ཕྱོགས་སུ་ཞབས་འཆག་མཛོད།
༤ ཁྱེད་ཀྱི་འདུས་སྡེའི་དཀྱིལ་དགྲས་ཀུ་ཅོ་བཏང་། དེ་ཚོས་རྟགས་སུ་རང་གི་འཕྱར་དར་བསླངས།
༥ དེ་རྣམས་ནགས་སྟུག་ཤིང་སྡོང་རྣམས་ལ་ནི། སྟ་རེ་བརྒྱབ་མཁན་མི་ལྟར་ཡོད་པ་ཡིན།
༦ ད་ནི་དེ་ཚོས་དེ་ཡི་པ་ཏྲ་ཀུན། སྟ་རེ་དང་ནི་ཐོ་བ་རྣམས་ཀྱིས་གཅོག
༧ ཁྱེད་ཀྱི་གཙང་ཁང་མེར་བསྲེགས་ཁྱེད་མཚན་གྱི། གདན་ས་ས་ལ་ཕབ་སྟེ་གྲིབ་ཅན་བྱས།
༨ དེ་ཚོས་སྙིང་དུ་ངེད་རྣམས་ཚར་གཅད་སྨྲས། ཡུལ་ནང་དཀོན་མཆོག་ཆོས་ཁང་ཐམས་ཅད་བསྲེགས།
༩ ངེད་རང་གི་རྟགས་མི་མཐོང་ལུང་སྟོན་པའང་། གང་ཡང་མ་ལུས་འདི་ལྟར་ནམ་གྱི་བར། ལུས་འོང་ཤེས་མཁན་ངེད་ཁྲོད་སུ་ཡང་མེད།
༡༠ དགྲ་བོས་ནམ་ཐུག་སྨད་འོང་ཀྱེ་དཀོན་མཆོག ཁྱེད་མཚན་ལ་དགྲས་དུས་རྒྱུན་སྨད་འགྱུར་རམ།
༡༡ ཁྱེད་ཕྱག་ཅི་ལ་སྐུམ་མཛད་ཕྱག་གཡས་པ། འདོན་པར་མཛད་དེ་ཁོ་རྣམས་ཚར་ཆོད་ཅིག
༡༢ ས་གཞིའི་དཀྱིལ་དུ་ཐར་ལམ་མཛད་པ་ཡི། དཀོན་མཆོག་སྔར་ནས་བདག་གི་རྒྱལ་པོ་ཡིན།
༡༣ ཁྱེད་ཀྱི་མཐུ་ཡིས་རྒྱ་མཚོ་ཁག་གཉིས་བཤགས། ཆུ་རྣམས་ནང་དུ་འབྲུག་རྣམས་མགོ་གཅོག་མཛད།
༡༤ ལེ་ཝི་ཡཱ་ཐན་རྣམས་ཀྱི་མགོ་གཏུབ་ཅིང་། འབྲོག་སྟོང་གནས་པར་ཟས་སུ་གནང་བར་མཛད།
༡༥ ཁྱེད་ཀྱིས་གྲོག་པོ་རྣམས་དང་ཆུ་མིག་འདོན། གཙང་པོ་ཆེན་པོ་རྣམས་ནི་སྐེམ་པར་མཛད།
༡༦ ཉིན་མོ་ཁྱེད་ཀྱི་མཚན་ཡང་ཁྱེད་ཀྱི་འོ། འོད་དང་ཉི་མ་ཁྱེད་ཀྱིས་བཤམས་པ་ཡིན།
༡༧ ས་གཞིའི་ས་མཚམས་ཐམས་ཅད་ཁྱེད་ཀྱིས་མཛད། དབྱར་དགུན་གཉིས་པོ་ཁྱེད་ཀྱིས་མཛད་པ་ཡིན།
༡༨ ཀྱེ་ཡ་ཧོ་ཝཱ་དགྲས་སྨད་མི་གླེན་སྡེས། ཁྱེད་མཚན་སྐུར་པ་བཏབ་པ་དྲན་པར་མཛོད།
༡༩ ཁྱེད་ཀྱི་ཕུག་རོན་གཅན་གཟན་ལག་མ་གནང་། གཏན་ཕྱིར་ཁྱེད་ཀྱི་དབུལ་པོའི་སྲོག་མ་རྗེད།
༢༠ སའི་མུན་ཁམས་རྣམས་དབང་ཤུགས་གནས་ཀྱིས་ཁེངས། དེའི་ཕྱིར་ཞལ་ཆད་ཐུགས་ཡིད་མཛད་དུ་གསོལ།
༢༡ ཁ་དམན་སྐྱེངས་ནས་ཕྱིར་ལོག་འགྲོར་མ་གནང་། ནོར་མེད་དབུལ་པོས་ཁྱེད་མཚན་བསྟོད་པར་ཤོག
༢༢ བཞེངས་ཤིག་དཀོན་མཆོག་ཁྱེད་ཁྲིམས་ཕྱིར་འཁྲབ་མཛོད། བླུན་པོས་ཉིན་གང་ཁྱེད་ལ་སྨད་པ་དྲོན།
༢༣ ཁྱེད་ཀྱི་ཕ་རོལ་པའི་སྐད་དང་དགྲ་བོ་ཡིས། ཆད་མེད་འཁྲུག་ལོང་བྱེད་པ་རྗེད་མ་མཛད༎