དབུ་མཛད་ལ་ཡེ་དུ་ཐུན་གྱི་ལུགས་སུ་ཨ་སབ་ཀྱི་གསུང་མགུར་ཞིག་ནི།
༧༧
དཀོན་མཆོག་དྲུང་ངས་སྐད་མཐོན་པོས་འབོད་ཅིང་། དཀོན་མཆོག་ལ་ངས་འབོད་པས་སྙན་གཏད་འགྱུར།
 སྙོན་མོངས་ཞག་ལ་ང་ཡིས་ཡཱ་ཝཱེ་བཙལ། མཚན་མོར་ངལ་མེད་བདག་གིས་ལག་པ་བཏིང་། བདག་གི་སེམས་ཀྱིས་སེམས་གསོ་བར་མ་འདོད།
 བདག་གིས་དཀོན་མཆོག་དྲན་ཞིང་སེམས་ཁྲུགས་བྱུང་། འོ་དོད་འབོད་ཅིང་བདག་གི་སེམས་རྒུད་སོང་། [སེ་ལཱ།]
 ཁྱེད་ཀྱིས་བདག་གི་མིག་གཉིས་ཕྱེས་ནས་འཇོག གཏམ་ལབ་མི་ཐུབ་པ་ཙམ་ངའི་སེམས་འཁྲུགས།
 འདས་པར་གྱུར་པའི་ཞག་རྣམས་དང་སྔོན་གྱི། ལོ་རྣམས་ལ་ངས་བསམ་བློ་བཏང་བ་ཡིན།
 མཚན་མོར་རང་གི་མགུར་མ་དྲན་པར་བྱེད། སྙིང་ནང་སྒོམ་ཞིང་སེམས་ཀྱིས་ཞིབ་དཔྱོད་བྱས།
 ཡཱ་ཝཱེས་དུས་རྒྱུན་ཕྱིར་དུ་སྤོང་གྱུར་རམ། ཕྱིན་ཆད་ནམ་ཡང་ཐུགས་རྗེ་མི་མཛད་དམ།
 ཁོང་གི་སྙིང་རྗེ་གཏན་གྱི་ཕྱིར་བྲལ་ཏམ། གཏན་དུ་ཁོང་གི་ཞལ་ཆད་མི་བསྒྲུབ་བམ།
 དཀོན་མཆོག་གིས་ནི་དྲིན་མཛད་བརྗེད་གྱུར་ཏམ། ཐུགས་ཁྲོས་ཁོང་གི་བྱམས་གཟིགས་བར་བཅད་དམ། [སེ་ལཱ།]
༡༠ ཡང་ངས་འདི་ངའི་ཉམས་ཆུང་ཡིན་ན་ཡང་། བླ་ན་མེད་པའི་ཕྲིན་ལས་ཀྱི་ལོ་རྣམས། བདག་གིས་དྲན་པར་བྱའོ་སྨྲས་ཁྱེད་ཀྱི།
༡༡ སྔ་མའི་ཁྱད་མཚར་རྣམས་ངས་དྲན་འོང་བས། ཡཱ་ཝཱེའི་མཛད་པ་རྣམས་ངས་འཆད་པར་བྱ།
༡༢ ཁྱེད་ཀྱི་ཕྱག་ལས་ཀུན་ལ་སྒོམ་བྱ་ཞིང་། ཁྱེད་ཀྱི་མཛད་པ་རྣམས་ངས་བསམ་བློ་གཏོང་།
༡༣ དཀོན་མཆོག་ཁྱེད་ལམ་གཙང་ཁང་ནང་ན་འདུག དཀོན་མཆོག་ལྟ་བུའི་ལྷ་ནི་ཆེན་པོ་གང་།
༡༤ ཁྱད་མཚར་མཛད་མཁན་དཀོན་མཆོག་ཁྱེད་ཉིད་ཡིན། མི་སྡེ་རྣམས་ནང་ཁྱེད་ཀྱིས་མཐུ་བསྟན་བྱུང་།
༡༥ ཉིད་ཀྱི་མི་སྡེ་ཁྱེད་ཀྱི་ཕྲག་པ་མཉམ། ཡ་ཀོབ་དང་ནི་ཡོ་སེབ་བུ་རྣམས་བསྐྱབས། [སེ་ལཱ།]
༡༦ ཆུ་རྣམས་ཀྱིས་ནི་ཁྱེད་མཐོང་ཀྱེ་དཀོན་མཆོག ཆུས་ཁྱེད་མཐོང་ནས་འཇིགས་གཏིང་ཟབ་པོའང་འདར།
༡༧ སྤྲིན་རྣམས་ཆུ་བླུགས་གནམ་ནས་སྐད་ཐོན་ཅིང་། ཁྱེད་ཀྱི་ཕྱག་མདའ་རྣམས་ཀྱང་ཕྱོགས་བཞིར་ཁྱུག
༡༨ སྐོར་རླུང་ནང་ན་ཁྱེད་ཀྱི་འབྲུག་སྒྲ་བྱུང་། གློག་གིས་འཇིག་རྟེན་འོད་ལྷག་ལྷག་བྱས་སོ། ས་གཞི་འདར་བར་གྱུར་ཏེ་གཡོན་གཡོན་བྱས།
༡༩ ཁྱེད་ཀྱི་ཕེབས་ལམ་རྒྱ་མཚོའི་ནང་དུ་དང་། ཆུ་ཆེན་རྣམས་ནང་གཤེགས་ལམ་ཡོད་པ་ཡིན། ཁྱེད་ཀྱི་ཞབས་རྗེས་རྣམས་ཀྱི་རྒྱུས་མ་སོང་།
༢༠ མོ་ཤེ་དང་ནི་ཨ་རོན་ལག་པ་མཉམ། ཉིད་ཀྱི་མི་སྡེ་ལུག་ཁྱུ་ལྟར་འཁྲིད་དོ༎