ཤ་ལོ་མོའི་གསུང་མགུར་ཞིག་ནི།
༧༢
རྒྱལ་པོ་ཁྱེད་ཀྱི་བཀའ་དང་རྒྱལ་སྲས་ལ། ཁྱེད་ཀྱི་དྲང་བ་ཉིད་གནོང་ཀྱེ་དཀོན་མཆོག
 ཁྱེད་ཀྱི་མི་སྡེ་དེས་དྲང་བ་ཉིད་དང་། ཁྱེད་ཀྱི་དབུལ་པོའི་ཁྲིམས་ནི་དྲང་པོར་གཅོད།
 རི་རྣམས་ལས་ནི་མི་སྡེར་ཞི་བདེ་དང་། རི་ཕྲན་རྣམས་ལས་དྲང་བ་ཉིད་སྐྱེ་འོང་།
 དེ་ཡིས་མི་སྡེ་དབུལ་པོའི་གཤགས་གཅོད་ཅིང་། འཕོངས་པ་རྣམས་ཀྱི་བུ་ཕྲུག་སྐྱོབ་པར་འགྱུར། དབང་ཤུགས་བྱེད་མཁན་ཐམས་ཅད་ཕྱེ་མར་འཐག
 ཉི་མ་དང་ནི་ཟླ་བ་གནས་རིང་བར། མི་རབས་ནས་ནི་མི་རབས་ཁྱེད་ལ་འཇིགས།
 བརྔས་པའི་རྩྭ་ཐང་གི་ཁར་ཆར་ཆུའམ། ས་གཞི་འཆུ་བའི་ཆར་ལྟར་ཁོང་འབྱོན་འགྱུར།
 ཁོང་གི་སྐུ་རིང་ཆོས་དྲང་དར་འགྱུར་ཞིང་། ཟླ་བ་གནས་རིང་དུས་བདེ་ཆེར་གནས་འགྱུར།
 རྒྱ་མཚོ་ནས་ནི་རྒྱ་མཚོ་ཡུབ་རཱད་ནས། ས་མཐའི་བར་དུ་ཁོང་གི་རྒྱལ་སྲིད་འགྱུར།
 ཐང་གར་གནས་པས་ཁོང་དྲུང་ཕྱག་འཚལ་ཞིང་། ཁོང་གི་དགྲ་རྣམས་ཐལ་བ་ལྡག་པར་འགྱུར།
༡༠ ཐར་ཤིས་དང་ནི་གླིང་ཕྲན་རྒྱལ་པོ་ཚོས། ཕྱག་རྟེན་འབུལ་ཞིང་ཤེ་བཱ་དང་སེ་བཱའི། རྒྱལ་པོ་རྣམས་ཀྱིས་ཕྱག་རྟེན་འབུལ་བར་འགྱུར།
༡༡ རྒྱལ་པོ་ཀུན་ཡང་ཁོང་དྲུང་ཕྱག་འཚལ་ཞིང་། མི་བརྒྱུད་ཀུན་གྱིས་ཁོང་གི་གཡོག་བྱ་འོང་།
༡༢ འཕོངས་པས་འོ་དོད་འདོན་དུས་དང་སྐྱབས་མེད། དབུལ་པོ་ཁོང་གིས་སྒྲོལ་བར་མཛད་པར་འགྱུར།
༡༣ ནོར་མེད་དབུལ་པོར་ཁོང་གིས་སྙིང་རྗེ་ཞིང་། ཁོང་གིས་དབུལ་པོ་རྣམས་ཀྱི་སྲོག་སྐྱོབ་བྱ།
༡༤ དབང་དང་དབང་ཤུགས་ལས་སྲོག་བླུ་མཛད་ཅིང་། ཁོང་གི་གཟིགས་ངོར་དེ་ཚོའི་ཁྲག་རིན་ཆེ།
༡༥ དེ་རྣམས་འཚོ་བར་འགྱུར་ཞིང་ཡང་ཁོང་ལ། ཤེ་བཱའི་གསེར་རྣམས་འབུལ་འོང་ཁོང་གི་དོན། མི་རྣམས་ཆད་མེད་སྨོན་ལམ་འདེབས་པར་འགྱུར། ཉིན་རེར་ཁོང་ལ་བཀྲ་ཤིས་ཤིག་ཟེར་འོང་།
༡༦ ས་གཞི་དང་ནི་རི་རྩེར་འབྲུ་མང་ཞིང་། ལི་བ་ནོན་ལྟར་སྙེ་མ་གཡོན་གཡོན་བྱ། གྲོང་ཁྱེར་པ་རྣམས་སའི་རྩྭ་ལྟར་དར་ཤོག
༡༧ ཁོང་གི་མཚན་ནི་དུས་རྒྱུན་གནས་པར་འགྱུར། ཉི་མ་ཡོད་རིང་མཚན་གྲགས་ལུས་པར་འགྱུར། ཁོང་གི་ཐབས་ཀྱིས་མི་ལ་བྱིན་རླབས་རྙེད། མི་བརྒྱུད་ཀུན་གྱིས་ཁོང་ལ་བདེའོ་ཞུ་འོང་།
༡༨ ཨིས་ར་ཨེལ་གྱི་དཀོན་མཆོག་ཡ་ཧོ་ཝཱ། བཀྲ་ཤིས་ཁོང་ནི་གཅིག་པོས་ཧ་ལས་མཛད།
༡༩ དུས་རྒྱུན་ཁོང་མཚན་དཔལ་ལྡན་བཀྲ་ཤིས་ཤོག ས་གཞི་ཐམས་ཅད་ཁོང་ཟིལ་གྱིས་གང་ཤོག དེ་དེ་བཞིན་ནོ་དེ་དེ་བཞིན་དུའོ༎
༢༠ ཨི་ཤཱའི་བུ་དཱ་བིད་ཀྱི་སྨོན་ལམ་རྫོགས་སོ༎