དབུ་མཛད་ལ་དཱ་བིད་ཀྱི་དྲན་སྐུལ་བའི་གསུང་མགུར་ཞིག་ནི།
༧༠
ཀྱེ་དཀོན་མཆོག་ང་སྐྱོབ་ཏུ་མགྱོགས་མཛོད། ཀྱེ་ཡཱ་ཝཱེ་ངའི་ར་མདར་ཐུགས་རིངས་མཛོད།༢ ང་ཡི་སྲོག་གཅོད་ཕྱིར་ཐབས་འཚོལ་མཁན་རྣམས། སྐྱེངས་འགྱུར་ཅིང་ངོ་ཚ་བར་འགྱུར་བར་ཤོག ང་ལ་གནོད་པ་འབྱུང་བར་དགའ་བ་རྣམས། འཕམ་འགྱུར་ཅིང་ངོ་ཚ་བར་འགྱུར་བར་ཤོག
༣ མི་ང་ལ་ཨ་ཧ་ཧ་ཟེར་མཁན་རྣམས། དེ་རང་གི་ཁྲེལ་བའི་རྒྱུས་འཕམ་པར་ཤོག
༤ ཁྱེད་འཚོལ་མཁན་རྣམས་དགའ་ཞིང་འཐད་པར་ཤོག ཁྱེད་ཀྱི་སྐྱབས་ལ་ཆགས་པས་དུས་རྒྱུན་དུ། དཀོན་མཆོག་ལ་བསྟོད་པར་ཤོག་ཅེས་ཟེར་ཞིག
༥ འོན་ཀྱང་ང་དབུལ་འགྱུར་ཞིང་འཕོངས་ན་ཡང་། ང་ཡི་རྩར་ཕེབས་ཕྱིར་མགྱོགས་ཀྱེ་དཀོན་མཆོག ངའི་ར་མདའ་དང་སྒྲོལ་མཛད་ཁྱེད་ཡིན་པས། ཀྱེ་ཡཱ་ཝཱེ་ཐུགས་འགོར་བར་མ་མཛད་ཅིག།