དབུ་མཛད་ལ་དྲེས་མའི་མེ་ཏོག་གི་དབྱངས་ནང་དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༦༩
ཀྱེ་ཀྱེ་དཀོན་མཆོག་ཆུ་རྣམས་ངའི། སྲོག་མཚམས་བསླེབས་པས་སྐྱོབ་པར་མཛོད།༢ རྐང་པ་འཛུགས་ས་མེད་པ་ཡི། གཏིང་ཟབ་འདམ་ནང་ང་ནུབ་འགྲོ། ངའི་སྟེང་ཆུ་ལོག་རྒྱུག་པ་ཡི། གཏིང་ཟབ་ཆུ་ནང་ང་བསླེབས་སོ༎
༣ འོ་དོད་འདོན་ཞིང་ང་ངལ་ཏེ། བདག་གི་ཨོག་མ་སྐམ་གྱུར་ཏོ། ངའི་དཀོན་མཆོག་ཕྱིར་ང་སྒུག་གིན། བདག་གི་མིག་གི་ཤེད་ཤོར་ཏོ༎
༤ བདག་གི་མགོ་ཡི་སྐྲའི་གྲངས་ལས། དོན་མེད་ང་ལ་སྨད་མཁན་མང་། ང་གསོད་འདོད་ཅིང་དོན་མེད་ཀྱི། དགྲ་རྣམས་སྟོབས་ཆེ་བས་བདག་གིས། མ་ཕྲོག་པ་ཡང་འཇལ་དགོས་བྱུང་།
༥ དཀོན་མཆོག་ཁྱེད་ཀྱིས་ངའི་བླུན་སེམས། མཁྱེན་ཞིང་བདག་གི་སྡིག་པ་རྣམས། ཁྱེད་ལ་གང་ཡང་སྦས་ནས་མེད།
༦ དཔུང་ཆེན་རྣམས་ཀྱི་ཀྱེ་དཀོན་མཆོག ཁྱེད་ལ་རེ་མཁན་རྣམས་ངའི་རྐྱེན། ངོ་ཚ་བར་ནི་མི་འགྱུར་ཤོག ཨིས་ར་ཨེལ་གྱི་དཀོན་མཆོག་ཀྱེ། ཁྱེད་འཚོལ་མཁན་རྣམས་ངའི་རྐྱེན་གྱིས། དམའ་འབེབས་མི་འཕོག་པར་ཤོག་ཅིག
༧ ཅི་ལ་ཞུ་ན་ཁྱེད་ཀྱི་དོན། ང་ལ་སྨད་སྒྲ་ཕོག་པ་ཡིན། ངོ་ཚས་ངའི་གདོང་བཏུམ་བྱུང་ངོ་༎
༨ ངའི་སྤུན་རྩར་ང་མི་ཡན་གྱུར། མ་གཅིག་བུའི་ཁྲོད་གཞན་མར་གྱུར།
༩ དེའི་རྒྱུ་ཁྱེད་ཀྱི་ཕོ་བྲང་གི། ཁྲག་རླུང་གིས་ནི་ང་ཟོས་ཏེ། ཁྱེད་ལ་སྨད་མཁན་མི་རྣམས་ཀྱི། སྨད་སྒྲ་རྣམས་ཀྱང་ང་ལ་ཕོག
༡༠ སྨྱུང་ཞིང་ངའི་སེམས་བཅུན་ནས་ངུས། དེ་ཡང་ང་ལ་སྨད་རྒྱུར་གྱུར།
༡༡ བདག་གིས་རྩྭ་ཕད་གོན་ཙ་ན། དེ་ཚོའི་ཕྱིར་ང་གཏམ་དཔེར་གྱུར།
༡༢ རྟ་རྒོད་སྡོད་པས་ངའི་སྐོར་གླེང་། ཆང་འཐུང་རྣམས་ཀྱི་གླུ་ང་ཡིན།
༡༣ འོན་ཀྱང་ཀྱེ་ཡཱ་ཝཱེ་ཁྱེད་ཀྱི། ཐུགས་ནི་མཉེས་དུས་ཁྱེད་ཉིད་ལ། བདག་གིས་སྨོན་ལམ་འདེབས་པར་བྱེད། ཁྱེད་ཀྱི་ཐུགས་རྗེ་ཀྱེ་དཀོན་མཆོག མང་བཞིན་ཁྱེད་ཀྱི་ཐར་པ་ཡི། བདེན་ནང་ང་ལ་བཀའ་ལན་གནོང་།
༡༤ འདམ་གྱི་ནང་ན་ང་སྐྱོབ་ཅིང་། ང་ནི་ནུབ་ཏུ་འཇུག་མ་གནང་། ང་ལ་སྡང་བའི་མི་རྣམས་དང་། གཏིང་ཟབ་ཆུ་ལས་ང་སྐྱོབ་མཛོད།
༡༥ ཆུ་ལོག་ནང་ང་ནུབ་མ་ཆུག གཏིང་ཟབ་པོར་ང་མིད་མ་ཆུག ངའི་ཐོག་དོང་ཁ་འཚུམ་མ་ཆུག
༡༦ ཁྱེད་ཡཱ་ཝཱེའི་བྱམས་གཟིགས་བཟང་བས། ང་ལ་བཀའ་ལན་གནང་དུ་གསོལ། ཁྱེད་ཀྱི་སྙིང་རྗེ་མང་བ་བཞིན། བདག་གི་ཕྱོགས་སུ་གདན་འཁོར་ཞིག
༡༧ ཁྱེད་ཀྱི་བྲན་པོར་ཞལ་མ་སྦ། ང་སྡུག་བཀའ་ལན་མྱུར་དུ་གནོང་།
༡༨ ང་ཡི་སེམས་རྩར་ཕེབས་ང་སྐྱོབ། དགྲ་རྣམས་མདུན་དུ་ང་བླུ་མཛོད།
༡༩ ང་ཡི་ཁྲེལ་དང་སྨད་པ་དང་། དམའ་འབེབས་ཁྱེད་ཀྱིས་མཁྱེན་པ་ལགས། ཁྱེད་དྲུང་བདག་གི་དགྲ་ཀུན་ཡོད།
༢༠ སྨད་སྒྲས་བདག་གི་སྙིང་བཅག་པས། ང་ནི་ཤིན་ཏུ་སྡུག་བསྔལ་ཞིང་། སྙིང་རྗེ་བྱེད་མཁན་ཕྱིར་བསྒུགས་ཀྱང་། སུའང་མེད་པས་སེམས་གསོ་ཕྱིར། བསྒུགས་ཀྱང་གང་ཡང་ཐོབ་མ་བྱུང་།
༢༡ ང་ལ་ཟས་སུ་ཁན་པའང་བཏང་། སྐོམ་ངོ་ཆོག་ཏུ་ཆང་སྐྱུར་བཏང་།
༢༢ དེ་ཚོར་ལྕོག་ཙེ་རྙིར་གྱུར་ཤོག དུས་བདེ་ཞགས་པར་འགྱུར་བར་ཤོག
༢༣ མི་མཐོང་བའི་ཕྱིར་དེ་རྣམས་ཀྱི། མིག་ནི་མུན་པར་འགྱུར་བར་ཤོག ཆད་མེད་རྐེད་པ་འདར་བར་ཤོག
༢༤ དེ་ཚོར་ཁྱེད་ཀྱི་ཐུགས་ཁྲོ་བླུག ཐུགས་ཁྲོ་དྲག་པོས་འཛིན་པར་ཤོག
༢༥ དེ་ཚོའི་གནས་ཚང་སྟོངས་པར་ཤོག རེ་བོར་སུའང་མི་གནས་ཤོག
༢༦ ཁྱེད་ཀྱིས་བརྡུངས་པར་དེ་ཚོས་འཚེ། ཁྱེད་ཀྱིས་རྨས་པ་མཛད་པ་ཡི། མི་དེའི་ཟུག་གཟེར་སྙད་པར་བྱེད།
༢༧ སྡིག་པར་སྡིག་པ་སྣོན་བྱེད་པས། ཁྱེད་ཀྱི་དྲང་པོའི་ནང་མ་སྲེ།
༢༨ སྲོག་གི་མདོ་ལས་དེ་རྣམས་སེལ། ཆོས་དྲང་ཁྲོད་དུ་འབྲི་མ་མཛད།
༢༩ འོན་ང་དབུལ་ཞིང་སྡུག་བསྔལ་ཅན། ཁྱེད་ཀྱིས་སྐྱབས་ཀྱིས་ཀྱེ་དཀོན་མཆོག བདག་ནི་མཐོ་སར་ཡར་འདེགས་ཤོག
༣༠ བདག་གི་དཀོན་མཆོག་མཚན་ལ་ནི། གླུ་ཞིག་ལེན་ཞིང་བསྟོད་པར་བྱ། གཏང་རག་འབུལ་ཞིང་བསྟོད་པར་བྱ།
༣༡ འདི་ལ་ཡཱ་ཝཱེ་གླང་མ་ཟད། གླང་ཐུག་པས་ཀྱང་འཐེབ་དགྱེས་འོང་།
༣༢ སྙེམས་ཆུང་གིས་དེ་མཐོང་ནས་འཐད། ཀྱེ་ཁྱེད་དཀོན་མཆོག་འཚོལ་མཁན་ཚོའི། སྙིང་ནི་གསོན་པོར་གནས་པར་ཤོག
༣༣ ཡཱ་ཝཱེས་དབུལ་པོར་གསན་མཛད་ཅིང་། ཉིད་ཀྱི་བཙོན་པར་བརྙས་མི་མཛད།
༣༤ གནམ་དང་ས་དང་རྒྱ་མཚོའི་ནང་། འགྲུལ་མཁན་ཀུན་གྱིས་ཁོང་བསྟོད་ཤོག
༣༥ དཀོན་མཆོག་ཙི་ཨོན་སྐྱོབ་མཛད་ཅིང་། ཡུ་དཱའི་གྲོང་ཁྱེར་རྣམས་རྩིག་འོང་། དེ་རྣམས་གནས་ཤིང་མངའ་བར་འགྱུར།
༣༦ ཁོང་གི་བྲན་པོའི་བརྒྱུད་པ་ཡང་། དེ་ཡི་བདག་པོར་འགྱུར་བར་འགྱུར། ཁོང་མཚན་གཅེས་པར་འཛིན་པ་ཡི། མི་རྣམས་དེ་རུ་གནས་པར་འགྱུར༎