དབུ་མཛད་ལ་དཱ་བིད་ཀྱི་གསུང་མགུར་གྱི་མགུར་དབྱངས་ཤིག་ནི།
༦༨
དཀོན་མཆོག་བཞེངས་ཤིག་དེའི་དགྲ་རྣམས་གཏོར་ཤོག སྡང་མཁན་རྣམས་ཀྱང་ཁོང་མདུན་ནས་འབྲོས་ཤོག༢ དུ་བ་འཁྱེར་འདྲར་དེ་རྣམས་འཁྱེར་བར་མཛོད། མེའི་མདུན་སྤྲ་ཚིལ་འཇུ་ལྟར་དེ་རྣམས་ནི། དཀོན་མཆོག་དྲུང་དུ་མེད་པར་འགྱུར་བར་ཤོག
༣ འོན་ཀྱང་ཆོས་དྲང་དགའ་ཞིང་དཀོན་མཆོག་དྲུང་། བསྟོད་ཅིང་དགའ་མགུས་ཡི་ཡང་རང་བར་ཤོག
༤ དཀོན་མཆོག་ལ་ནི་མགུར་མ་འབུལ་བར་བྱོས། ཁོང་གི་མཚན་ལ་བསྟོད་དབྱངས་འབུལ་བར་བྱོས། འབྲོག་རྒྱུད་ཞོན་ནས་གཤེགས་པར་ཕེབས་ལམ་བྱོས། མཚན་ནི་ཡཱ་ཝཱེ་ཡིན་ཁོང་དྲུང་དགའ་མོ་བྱོས།
༥ དཀོན་མཆོག་ཉིད་ཀྱི་གནས་དམ་པར་དྭ་ཙེའི། ཡབ་དང་མོ་རང་མོར་གཤགས་ཐོབ་ས་ཡིན།
༦ ཕོ་རེང་ལ་དཀོན་མཆོག་གིས་ཁྱིམ་ཚང་གནང་། བཙོན་པ་བཙོན་ལས་སྒྲོལ་ཞིང་དར་འཇུག་ཀྱང་། ངོ་ལོག་པ་རྣམས་ཆུ་མེད་ས་ཆར་གནས།
༧ ཀྱེ་དཀོན་མཆོག་མི་སྡེའི་སྔོན་ཁྱེད་ཕེབས་དུས། འབྲོང་སྟོང་ནང་ན་ཁྱེད་ནི་ཕེབས་པའི་དུས། [སེ་ལཱ།]
༨ ས་གསོས་གནམ་རྣམས་དཀོན་མཆོག་དྲུང་བརྡིབས་བྱུང་། དེས་ཀྱང་མ་ཟད་ཨིས་རེལ་གྱི་དཀོན་མཆོག དཀོན་མཆོག་ཞལ་ངོར་རི་བོ་སི་ནཱའང་གཡོས།
༩ དཀོན་མཆོག་ཁྱེད་ཀྱིས་བདག་པའི་ཡུལ་རྒུད་དུས། གསོ་བར་མཛད་དེ་ཆར་ཆུ་མོད་པོ་གནང་།
༡༠ ཁྱེད་ཀྱི་མི་ཚོགས་དེར་གནས་ཀྱེ་དཀོན་མཆོག ཁྱེད་ནི་བཟང་བས་དབུལ་པོའི་ཕྱིར་བསྒྲིགས་མཛད།
༡༡ གཙོ་བོས་བཀའ་གནང་མཛད་དེ་འཕྲིན་འཆད་པའི། བུད་མེད་རྣམས་ཀྱི་དཔུང་ཚོགས་ཆེན་པོ་འདུག
༡༢ དམག་དཔུང་རྣམས་ཀྱི་རྒྱལ་པོ་རྣམས་འབྲོས་ཤིང་། དེ་རྣམས་འབྲོས་པས་ཁྱིམ་ནང་སྡོད་པ་ཡི། བུད་མེད་རྣམས་ཀྱིས་བཅོམ་ནོར་བགོད་པར་བྱེད།
༡༣ ཤོག་པ་དངུལ་དང་འདབ་ཤོག་སེར་པོ་ཡི། གསེར་གྱིས་བཏུམ་པའི་ཕུག་རོན་ལྟར་དུ་ནི། ཁྱོད་ནི་ལུག་རའི་ནང་དུ་ཉལ་བྱའམ།
༡༤ ཀུན་དབང་གིས་ནི་རྒྱལ་པོ་རྣམས་གཏོར་དུས། ཙལ་མོན་རི་ལ་ཁ་བ་འབབ་འདྲ་བྱུང་།
༡༥ བཱ་ཤན་རི་བོ་དཀོན་མཆོག་རི་ཞིག་ཡིན། བཱ་ཤན་རི་བོ་མཐོ་བའི་རི་ཞིག་ཡིན།
༡༦ དཀོན་མཆོག་གིས་བཞུགས་གནས་ཕྱིར་འདམས་པའི་རིར། ཁྱོད་རི་མཐོ་རྣམས་ཅིའི་ཕྱིར་བལྟ་བར་བྱེད། འོ་ན་ཡཱ་ཝཱེ་གཏན་དུ་དེར་བཞུགས་འོང་།
༡༧ དཀོན་མཆོག་གི་ཤིང་རྟ་ཁྲི་ཁྲི་མ་ཟད། སྟོང་ལྡབ་སྟོང་ཡོད་སི་ནཱ་རུ་བཞུགས་བཞིན། གཙང་ཁང་ནང་ཡཱ་ཝཱེ་དེ་དག་ཁྲོད་བཞུགས།
༡༨ ཁྱེད་སྟེང་འཕགས་ཤིང་བཙོན་པ་བཙོན་ལ་ཁྱེར། དཀོན་མཆོག་ཡཱ་ཝཱེ་མི་མཉམ་བཞུགས་པའི་ཕྱིར། མི་དང་གཉའ་རེངས་ལས་ཀྱང་དཔྱ་ཁྲལ་བརྙེས།
༡༩ ཉིན་རེ་བཞིན་དུ་ངེད་ཀྱི་ཁུར་ཐོགས་པའི། ཡ་ཧོ་ཝཱ་ཁོང་བཀྲ་ཤིས་པར་ཤོག་ཅིག ངེད་ཅག་སྐྱོབ་པའི་དཀོན་མཆོག་ཁོང་ཉིད་ཡིན།
༢༠ དཀོན་མཆོག་ངེད་ཕྱིར་སྒྲོལ་མཛད་དཀོན་མཆོག་ཡིན། འཆི་ལས་ཐར་ས་ཡཱ་ཝཱེ་གཙོ་བོའོ༎
༢༡ དཀོན་མཆོག་གིས་འོན་ཉིད་ཀྱི་དགྲའི་མགོ་དང་། རྒྱུན་ཆད་མེད་པར་སྡིག་པ་བྱེད་མཁན་གྱི། རལ་པ་ཅན་གྱི་ཐོད་པ་གཅོད་པར་འགྱུར།
༢༢ ཁྱེད་ཀྱི་རྐང་པ་ཁྲག་གིས་འཁྲུད་པ་དང་། དགྲ་རྣམས་ཁྱེད་ཀྱི་ཁྱིའི་ཟ་སྐལ་འགྱུར་ཕྱིར།
༢༣ ཡཱ་ཝཱེ་ངས་དེ་རྣམས་བཱ་ཤན་ནས་གདོན། རྒྱ་མཚོའི་གཏིང་ནས་སླར་ངས་འདོན་འོང་གསུངས།
༢༤ ཀྱེ་དཀོན་མཆོག་མི་ཚོས་ཁྱེད་གཤེགས་པ་མཐོང་། ངའི་དཀོན་མཆོག་དང་ངའི་རྒྱལ་པོ་ཁྱེད་ནི། གཙང་ཁང་འབྱོན་པ་མི་ཚོས་མཐོང་བ་ཡིན།
༢༥ སྔོན་དུ་གླུ་མཁན་རྣམས་ནི་འགྲོ་བར་བྱས། དེ་དག་རྗེས་སུ་རོལ་མོ་པ་རྣམས་འབྲངས།
༢༦ ཨིས་ར་ཨེལ་གྱི་ཆུ་མིག་ལས་བྱུང་བའི། ཁྱོད་ཚོས་ཡ་ཧོ་ཝཱ་ལ་བཀྲ་ཤིས་ཞུས། ཚོགས་རྣམས་ནའང་དཀོན་མཆོག་ལ་བཀྲ་ཤིས་རྗོད།
༢༧ བེན་ཡ་མིན་ཆུང་བ་དེ་ཚོའི་དཔོན་པོའོ། ཡ་ཧུ་དཱའི་སྐུ་དྲག་དང་གྲོས་དཔོན་དང་། ཟེ་བུ་ལོན་གྱི་སྐུ་དྲག་རྣམས་དང་ནི། ནབ་ཐ་ལི་ཡི་སྐུ་དྲག་རྣམས་འདུག་གོ།
༢༨ དཀོན་མཆོག་གིས་ཁྱོད་བརྟན་པའི་བཀའ་སྩལ་ཏོ། ཀྱེ་དཀོན་མཆོག་ཁྱེད་ཀྱིས་ང་ཅག་གི་དོན། ཅི་མཛད་པ་རྣམས་བརྟན་པོ་མཛད་དུ་གསོལ།
༢༩ ཡེ་རུ་ཤ་ལེམ་ན་ཡོད་པའི་ཁྱེད་ཀྱི། མཆོད་ཁང་ཡོད་པས་རྒྱལ་པོ་རྣམས་ཀྱིས་ནི། ཁྱེད་ལ་འབུལ་བ་རྣམས་འབུལ་བར་འགྱུར་རོ༎
༣༠ དངུལ་གྱི་དོང་ཙེ་རྣམས་རྐང་པས་རྫི་བའི། ཕ་གླང་ཁྱུ་དང་ཕྱི་པའི་བེའུ་རྣམས་བཅས། འདམ་བུའི་རི་དྭགས་རྣམས་ལ་བཀའ་བཀྱོན་མཛོད། དམག་ལ་དགའ་བའི་མི་རྣམས་ཁྲེ་འཐོར་མཛོད།
༣༡ མི་སེར་ནས་སྐུ་དྲག་རྣམས་འོང་བར་འགྱུར། ཀུས་ཀྱིས་དཀོན་མཆོག་གི་ཕྱོགས་སུ་ལག་པ། རྐྱོང་བའི་ཕྱིར་དུ་རིངས་པ་བྱེད་པར་འགྱུར།
༣༢ སའི་རྒྱལ་སྲིད་རྣམས་དཀོན་མཆོག་ལ་གླུ་ཕུལ། ཡ་ཧོ་ཝཱ་ལ་བསྟོད་དབྱངས་འབུལ་བར་བྱོས། [སེ་ལཱ།]
༣༣ ཁོང་སྔ་མའི་གནམ་རྣམས་ཀྱི་གནམ་སྟེང་ཆིབས། ལྟོས་མཐུ་ལྡན་གསུང་སྐད་ཀྱི་གསུང་འདོན།
༣༤ མཐུ་སྟོབས་ནི་དཀོན་མཆོག་གི་ཡིན་ཞུས་ཤིག ཁོང་གི་གཟི་བརྗིད་ཨིས་ར་ཨེལ་སྟེང་ཡོད། ནམ་མཁའ་རྣམས་ནང་ཁོང་གི་དབང་མཆིས་སོ༎
༣༥ ཀྱེ་དཀོན་མཆོག་གཙང་ཁང་ན་ཁྱེད་དྲག་པོའོ། ཨིས་ར་ཨེལ་གྱི་དཀོན་མཆོག་གིས་སྟོབས་དང་། དབང་ཐང་ཁོང་གིས་མི་སྡེ་ལ་གནང་ངོ་༎