དབུ་མཛད་ལ་རྒྱུད་ལྡན་གྱི་རོལ་ཆས་ནང་གསུང་མགུར་གྱི་གླུ་དབྱངས་ཤིག་ནི།
༦༧
དཀོན་མཆོག་ངེད་ལ་སྙིང་རྗེ་མཛོད། ངེད་ལ་བྱིན་རླབས་གནང་དུ་གསོལ། ཁོང་ཞལ་ངེད་ལ་སྣང་མཛད་ཤོག [སེ་ལཱ།] ༢ དེ་ལྟར་ས་གཞིར་ཁྱེད་ལམ་དང་། མི་རིགས་ཐམས་ཅད་ནང་ཁྱེད་ཀྱི། ཐར་པ་དེ་ནི་མངོན་པར་འགྱུར།
༣ མིས་ཁྱོད་བསྟོད་ཤོག་ཀྱེ་དཀོན་མཆོག མི་སྡེ་ཀུན་གྱིས་ཁྱེད་བསྟོད་ཤོག
༤ ཁྱེད་ཀྱི་མི་སྡེ་རྣམས་ཀྱི་གཤགས། དྲང་པོར་གཅད་ཅིང་ས་ཆེན་ཐོག ཁྱེད་ཀྱིས་རྒྱལ་སྲིད་སྐྱོང་འགྱུར་བས། མི་རིགས་རྣམས་ནི་སེམས་དགའ་ཞིང་། སྐྱིད་པའི་གླུ་དབྱངས་ལེན་པར་ཤོག
༥ མིས་ཁྱེད་བསྟོད་ཤོག་ཀྱེ་དཀོན་མཆོག མི་སྡེ་ཀུན་གྱིས་ཁྱེད་བསྟོད་ཤོག
༦ ས་ཡིས་རང་གི་འཕེལ་བསྟེར་བྱུང་། དཀོན་མཆོག་ངེད་ཀྱི་དཀོན་མཆོག་གིས། ངེད་ལ་བྱིན་རླབས་གནང་བར་འགྱུར།
༧ དཀོན་མཆོག་གིས་ངེད་ལ་བྱིན་རླབས། མཛད་འོང་ས་ཆེན་མཐའ་མའི་བར། ཐམས་ཅད་ཁོང་ལ་འཇིགས་པར་འགྱུར༎