དབུ་མཛད་ལ་དཱ་བིད་ཀྱི་གསུང་མགུར་གྱི་གསུང་གླུ་ཞིག་ནི།
༦༥
ཙི་ཨོན་ནང་ན་ཀྱེ་དཀོན་མཆོག ཁྱེད་ཕྱིར་བསྟོད་པས་སྒུག་གིན་འདུག༢ སྨོན་ལམ་གསན་པར་མཛད་མཁན་ཀྱེ། ཁྱེད་དྲུང་ལུས་ཅན་ཀུན་འོང་འགྱུར།
༣ ངའི་ཐོག་ཉེས་པ་རྒྱལ་ཡང་ངེད། འགལ་རྣམས་ཁྱེད་ཀྱིས་སེལ་བར་འགྱུར།
༤ ཁྱེད་ཀྱི་སྡེ་ཡངས་ནང་གནས་ཤིང་། ཁྱེད་ཀྱི་མཆོད་ཁང་གནས་དམ་པའི། ཁྱིམ་གྱི་བཟང་བས་ངེད་ཚིམ་ཕྱིར། ཁྱེད་ཀྱིས་འདམ་ཞིང་བསྙེན་མཛད་པའི། སྐྱེ་བོ་དེ་ནི་བཀྲ་ཤིས་པའོ༎
༥ ངེད་ཀྱི་སྐྱབས་ཀྱི་ཀྱེ་དཀོན་མཆོག ས་མཐའ་ཀུན་དང་རྒྱ་མཚོའི་ཐོག རྒྱང་རིང་གནས་པའི་རེ་ས་ལགས། འཇིགས་རུང་ངང་ནས་ཐུགས་དྲང་པོར། ངེད་ལ་བཀའ་ལན་གནང་བར་འགྱུར།
༦ མཐུ་ཡི་སྐུ་རགས་བཅིང་མཛད་དེ། སྟོབས་ཀྱིས་རི་རྣམས་འཚུགས་སུ་འཇུག
༧ རྒྱ་མཚོའི་འུར་སྒྲ་རྦ་རླབས་དང་། མི་སྡེའི་ཀུ་སྒྲ་ཞི་བར་མཛད།
༨ ས་གཞིའི་ཡང་མཐར་གནས་རྣམས་ཀྱིས། ཁྱེད་ཀྱི་ལྟས་རྣམས་ཕྱིར་དུ་འཇིགས། ཤར་ས་ནུབ་ས་དགའ་བར་མཛད།
༩ ས་ལ་གཟིགས་ཤིང་ཆུ་གནང་སྟེ། ནོར་གྱིས་ཤིན་ཏུ་ཕྱུག་པར་མཛད། དཀོན་མཆོག་གཙང་པོ་ཆུ་ཡིས་གང་། ཁྱེད་ཀྱིས་ས་གཞི་ཁྲིག་མཛད་དུས། དེ་རྣམས་ཕྱིར་དུ་འབྲུ་གནང་ངོ་༎
༡༠ རོལ་རྣམས་ལེགས་པར་འཆུ་མར་མཛད། གོང་བུ་ཆུ་ཡིས་ཞེན་པར་མཛད། ཆར་ཆུས་དེ་ནི་འབོལ་མོ་མཛད། རྡོལ་བ་རྣམས་ལ་བྱིན་རླབས་མཛད།
༡༡ ལོ་ལ་ཁྱེད་ཀྱི་བཟང་བ་ཉིད། ཅོད་པན་སྐོན་ཞིང་ཁྱེད་ཉིད་ཀྱི། ཕེབས་ལམ་རྣམས་ནས་སྣུམ་རྩི་འཐིག
༡༢ འབྲོག་གི་རྩྭ་ཁ་རྣམས་ལའང་འཐིག རི་རྣམས་དགའ་སྤྲོའི་སྐ་རགས་བཅིང་།
༡༣ ལུག་ཁྱུས་རྩྭ་ཁ་རྣམས་བཀབ་སྟེ། ལུང་པ་འབྲུས་ཁེངས་པས་དེ་རྣམས། དགའ་བས་ཀུ་ཐེག་གླུ་ཡང་ལེན༎