དབུ་མཛད་ལ་དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༦༤
ཀྱེ་དཀོན་མཆོག་ངའི་སྡུག་སྐད་གསོན། ངའི་སྲོག་དགྲའི་འཇིགས་པ་ལས་སྲུང་།
 ངན་བྱེད་མིའི་ལྐོག་གི་གྲོས་དང་། ཉེས་པའི་ལས་བྱེད་མཁན་རྣམས་ཀྱི། ཡོ་ལངས་ལས་ང་སྦ་བར་མཛོད།
 དེ་ཚོས་རལ་གྲི་ལྟར་ལྕེ་བརྡར། ཚིག་རྩུབ་མདའ་མོ་ཟིར་བར་བྱས།
 དྲང་པོར་ལྐོག་གནས་སུ་མདའ་འཕེན། འཇིགས་མེད་དེ་ཚོར་མདའ་རྒྱབ་བོ༎
 དོན་ངན་ནང་དུ་རང་རུས་འཇུག ལྐོག་ཏུ་རྙི་འུ་འཛུག་གྲོས་བྱེད། སུ་ཡིས་མཐོང་བར་འགྱུར་འོང་ཟེར།
 མི་རིགས་པ་རྣམས་བཙལ་ནས་འདོན། ངེད་ཀྱིས་བྱུས་མཁས་བསྒྲུབས་སོ་ཟེར། དེ་རྣམས་རེ་རེའི་སྙིང་དང་ནི། བྱང་ཁོག་བསམ་པ་གཏིང་རིང་ཡང་།
 དེ་ཚོར་དཀོན་མཆོག་གིས་ཕྱག་མདའ། རྒྱབ་ཅིང་བློ་བུར་སྣད་པར་འགྱུར།
 རང་གི་ལྕེས་དེ་རྣམས་འཕུང་གཞུག དེ་མཐོང་ཚད་ཀྱིས་མགོ་གཡུག་འོང་།
 མི་ཀུན་འཇིགས་ཤིང་དཀོན་མཆོག་གི། འཕྲིན་ལས་བསྟན་ཞིང་ཁོང་མཛད་པར། བསམ་བློ་ཞིབ་ཏུ་སྐོར་བར་འགྱུར།
༡༠ ཆོས་དྲང་ཡཱ་ཝཱེའི་ནང་དགའ་ཞིང་། ཁོང་ལ་བློ་གདེང་བྱེད་པར་འགྱུར། སྙིང་དྲང་ཀུན་གྱིས་ངོམ་བསྟན་འོང་༎