ཡ་ཧུ་དཱའི་འབྲོག་སྟོང་ན་དཱ་བིད་ཡོད་དུས་སུ་ཁོང་གི་གསུང་མགུར་ཞིག་ནི།
༦༣
དཀོན་མཆོག་ཁྱེད་ངའི་དཀོན་མཆོག་ཡིན། ཆུ་མེད་སྐྱོ་མོའི་གནས་སྐམ་པོར། བདག་གི་སེམས་ནི་ཁྱེད་ལ་སྐོམ། ལུས་ཀྱིས་དུང་དུང་ཁྱེད་དྲན་པས།༢ ཁྱེད་ཀྱི་དབང་དང་དཔལ་མཐོང་ཕྱིར། གཙང་ཁང་ནང་དུ་ཁྱེད་ལ་བལྟས།
༣ སྲོག་པས་ཁྱེད་ཀྱི་བྱམས་བརྩེ་ལེགས། ངའི་མཆུས་ཁྱེད་ལ་བསྟོད་པར་བྱ།
༤ གསོན་རིང་ཁྱེད་ལ་བཀྲ་ཤིས་ཞུ། ཁྱེད་མཚན་བརྗོད་ཅིང་ལག་འདེགས་འོང་།
༥-༦ ཚིལ་དང་རྐང་མར་གྱིས་འགྲང་ལྟར། ངའི་སེམས་འགྲང་འོང་ངའི་ཁ་ཡིས། ཡི་རང་མཆུ་དང་ཁྱེད་བསྟོད་བྱ། མལ་ཁྲིར་ཉལ་དུས་ཁྱེད་དྲན་ཞིང་། མཚན་ཐུན་རྣམས་ནང་ཁྱེད་སྒོམ་བྱ།
༧ ཁྱེད་ངའི་ར་མདའ་ཡོད་པས་ཁྱེད། འདབ་ཤོག་འོག་ང་དགའ་མགུ་འོང་།
༨ ངའི་སེམས་ཁྱེད་ལ་ཤིན་ཏུ་འབྲང་། ཁྱེད་ཕྱག་གཡས་པས་ང་སྐྱོར་བས།
༩ ངའི་སྲོག་འཚེ་བར་སྙེགས་མཁན་གྱི། མི་རྣམས་སའི་མཐིལ་འགྲོ་བར་འགྱུར།
༡༠ དེ་རྣམས་རལ་གྲིར་གཏད་པར་འགྱུར། ཝ་མོའི་ཟ་སྐལ་ལ་འགྱུར་འོང་།
༡༡ རྫུན་ཅན་ཁ་རྣམས་འགེགས་བྱ་ཡི། རྒྱལ་པོ་དཀོན་མཆོག་ནང་དགའ་ཞིང་། ཁོང་དཔང་འཛུག་མཁན་ཀུན་འཕར་འོང་༎