དབུ་མཛད་ལ་ཡེ་དུ་ཐུན་གྱི་ལུགས་སུ་དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༦༢
ངའི་སེམས་དཀོན་མཆོག་གཅིག་པོར་རེ། ཁོང་ལས་ང་ཡི་སྐྱབས་འབྱུང་ངོ་༎
 ཁོང་གཅིག་ངའི་བྲག་དང་སྐྱབས་ཡིན། ངའི་རྫོང་མཐོན་པོ་ཁོང་ཡིན་པས། ཆེས་ང་གཡོ་འབུབ་མི་འགྱུར་རོ༎
 ཁྱོད་ནི་ཚང་མས་དེ་གསོད་ཕྱིར། གཡོ་བའི་རྩིག་པ་དང་འགུལ་བའི། སྐྱོར་བ་འདྲའི་མིར་ནམ་ཐུག་རྒོལ།
 མི་དེ་གོ་ས་ནས་འབེབས་ཕྱིར། དེ་ཚོས་གྲོས་བྱེད་རྫུན་ལ་དགའ། ཁ་ནས་བཀྲ་ཤིས་ཤིག་བརྗོད་ཀྱང་། བྱང་ཁོག་ནང་ན་སྨོན་ལོག་འདེབས།
 དཀོན་མཆོག་ལས་རེ་བ་ཡིན་པས། ངའི་སེམས་ཁྱོད་ཁོང་གཅིག་པོར་སྒུག
 ཁོང་གཅིག་ངའི་བྲག་དང་སྐྱབས་ཡིན། ཁོང་ངའི་རྫོང་མཐོན་པོ་ཡིན་པས། ང་གཡོ་མི་འགྱུར་ངའི་དཔལ་དང་།
 ཐར་པ་དཀོན་མཆོག་ལ་རག་ལས། བདག་གི་སྟོབས་ཀྱི་བྲག་དང་ངའི། སྐྱབས་ཀྱི་གནས་ནི་དཀོན་མཆོག་ཡིན།
 ཀྱེ་མི་རྣམས་ཁོང་ལ་དུས་རྒྱུན། བློ་ཐོད་ཁོང་དྲུང་སྙིང་བླུགས་ཤིག ངེད་ཀྱི་ཡིབ་ས་དཀོན་མཆོག་ཡིན། [སེ་ལཱ།]
 མ་རབས་མི་རྣམས་ཅང་མིན་དང་། ཡ་རབས་རྫུན་ཅན་ཡིན་པར་ངེས། སྲང་ནང་འདེགས་ན་ཡར་འགྲོ་འོང་། དེ་ཀུན་ཅང་མིན་བས་ཀྱང་ཡང་།
༡༠ དབང་ཤུགས་བྱེད་པར་མ་རྟེན་ཞིག འཕྲོག་པར་བྱེད་པར་མ་སྙེམས་ཤིག རང་ནོར་འཕེལ་ན་སྙིང་མ་ཆགས།
༡༡ དཀོན་མཆོག་གིས་ཐེངས་གཅིག་གསུངས་ནས། དབང་ནི་དཀོན་མཆོག་གི་ཡིན་ཞེས། ངས་འདི་ཐེངས་གཉིས་པར་ཐོས་བྱུང་།
༡༢ མི་རེའི་ལས་བཞིན་ལན་གནང་བས། སྙིང་རྗེའང་ཡཱ་ཝཱེ་ཁྱེད་ཀྱི་ཡིན༎