དབུ་མཛད་ལ་རྒྱུད་ལྡན་གྱི་རོལ་ཆས་ནང་དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༦༡
ཀྱེ་དཀོན་མཆོག་ངའི་འོ་དོད་གསོན། ང་ཡི་གསོལ་བར་སྙན་རྟགས་མཛོད།
 ངའི་སྙིང་རྒུད་དུས་ངས་ཁྱེད་ལ། ས་མཐའ་ནས་འབོད་འོང་ཁྱེད་ཀྱིས། ང་བས་མཐོ་བའི་བྲག་སྟེང་དྲོངས།
 ཁྱེད་ངའི་སྐྱབས་གནས་དང་དགྲ་ལས། ཐར་བའི་རྫོང་མཐོ་ཡོད་པ་ཡིན།
 ཁྱེད་ཀྱི་གུར་ནང་གཏན་གནས་བྱ། ཁྱེད་ཀྱི་འདབ་ཤོག་བསིལ་ནང་ཡིབ། [སེ་ལཱ།]
 དཀོན་མཆོག་ཁྱེད་ཀྱིས་ངའི་དམ་བཅའ། གསན་ཡོད་ཁྱེད་མཚན་ལ་འཇིགས་པའི། ནོར་སྐལ་རྣམས་ནི་ང་ལ་གནང་།
 ཁྱེད་ཀྱིས་རྒྱལ་པོའི་ཚེ་སྐྱེད་ཅིང་། མི་རབས་མང་འདྲ་སྐུ་འཚོ་འགྱུར།
 དཀོན་མཆོག་དྲུང་ཁོང་གཏན་གནས་འོང་། བསྲུང་ཕྱིར་བྱམས་དང་བདེན་པ་སྩོལ།
 ཞག་རེ་བཞིན་དམ་བཅའ་སྒྲུབ་ཏུ། ཁྱེད་ལ་དུས་རྒྱུན་བསྟོད་དབྱངས་དབུལ༎