དཱ་བིད་ཀྱིས་མེ་སོ་པོ་ཏ་མི་ཨ་དང་ཨ་རམ་ཙོ་བཱ་ལ་འཐབ་མོ་བྱེད་ཅིང་། ཡོ་ཨབ་ཕྱིར་ལོག་ནས་ཚྭའི་ལུང་པར་ཨེ་དོམ་པ་སྟོང་བཅུ་གཉིས་བརྡབས་པའི་ཚེ། དབུ་མཛད་ལ་བསླབ་བྱའི་ཕྱིར་དྲེས་མའི་མེ་ཏོག་གི་དཔང་པོ་བྱ་བའི་དབྱངས་ནང་དཱ་བིད་ཀྱི་མིག་ཏཱམ་ཞིག་ནི།
༦༠
ཁྱེད་ཀྱེ་དཀོན་མཆོག་ཐུགས་ཁྲོ་ནང་། ངེད་རྣམས་སྤངས་ཏེ་ཁྲེ་འཐོར་མཛད།
 ཁྱེད་ཀྱིས་ཡུལ་འདར་བཅུག་སྟེ་བཤགས། དེ་འགུལ་བས་བུག་པ་གསོ་མཛོད།
 ཁྱེད་ཀྱི་མི་སྡེར་དཀའ་ལས་བསྟན། འཁྱོར་བའི་རྒུན་ཆང་ངེད་ལ་བསྟེར།
 བདེན་པའི་དོན་དུ་ཡར་འདེབས་ཕྱིར། ཁྱེད་ལ་འཇིགས་པར་འཕྱར་དར་གནང་། [སེ་ལཱ།]
 ཁྱེད་ཀྱི་གཅེས་པ་ཐར་བའི་ཕྱིར། ཕྱག་གཡས་ཀྱིས་སྐྱོབ་བཀའ་ལན་གནོང་།
 དཀོན་མཆོག་དམ་པ་ཉིད་ནང་གླེང་། ང་ནི་དགའ་ཞིང་སི་ཀེམ་བགོ། སུ་ཀོད་རོང་གི་ཚད་འདེབས་འོང་།
 གིལ་ཨད་་མ་ན་ཤེ་ངའི་ཡིན། ཨེབ་ར་ཨིམ་ངའི་མགོའི་རྨོག་ཡིན། ཡ་ཧུ་དཱ་ངའི་ཁྲིམས་དབྱུག་ཡིན།
 མོ་ཨབ་བདག་གི་འཁྲུད་སྣོད་ཡིན། ཨེ་དོམ་ལ་ངས་ལྷམ་རྒྱབ་འོང་། ངའི་ཕྱིར་ཕེ་ལེ་ཤེད་ཀུ་ཐེགས།
 སུས་ང་གྲོང་ཁྱེར་བཙན་པོར་བསྐྱེལ། སུས་ང་ཨེ་དོམ་ཐུག་བསྐྱལ་ཏོ༎
༡༠ ཁྱེད་ཀྱེ་དཀོན་མཆོག་གིས་ངེད་རྣམས། མ་སྤངས་སམ་ཁྱེད་ཀྱེ་དཀོན་མཆོག ངེད་ཀྱི་དམག་དཔུང་མཉམ་མི་གཤེགས།
༡༡ མི་ཡི་ར་མདའ་ཕན་མེད་པས། དགྲའི་ངོར་ངེད་ཚོར་ར་མདའ་མཛོད།
༡༢ ཁོང་གིས་དགྲ་རྣམས་རྫི་འོང་བས། དཀོན་མཆོག་ནང་ངེད་དཔའ་སྐྱེད་འགྱུར།