དབུ་མཛད་ལ་འཕུང་མ་ཆུག་ཅེས་པའི་དབྱངས་ནང་དཱ་བིད་ཀྱི་མིག་ཏཱམ་ཞིག་ནི།
༥༨
ཀྱེ་ཀྱེ་མིའི་བུ་དབང་ཅན་རྣམས་ངོ་ཐོག དྲང་པོར་གླེང་ངམ་གཤགས་དྲང་པོར་གཅོད་དམ།
 འོ་ན་ཁྱོད་ཀྱིས་སྙིང་ནང་ངན་རྩོམ་ཞིང་། ས་རུ་ལག་པས་དབང་ཤུགས་འབོ་འདེབས་སོ༎
 མི་ངན་མ་ཡི་མངལ་ནས་ལམ་ཁྱེར་ཏེ། སྐྱེས་མ་ཐག་ཏུ་རྫུན་ཟེར་ལམ་སྟོར་རོ༎
 དེ་ཚོའི་དུག་ནི་སྦྲུལ་གྱི་དུག་འདྲ་འདུག ཅི་ཙམ་མཁས་པས་སྔགས་ཟླའི་སྔགས་པ་ཡི།
 སྐད་མི་ཐོས་པའི་རང་གི་རྣ་འགེགས་པའི། དུག་སྦྲུལ་འོན་པ་ལྟ་བུ་དེ་རྣམས་འདུག
 དེ་ཚོའི་ཁའི་ནང་སོ་ཆོག་ཀྱེ་དཀོན་མཆོག སེང་ཕྲུག་མཆེ་སོ་བཅག་མཛོད་ཀྱེ་ཡཱ་ཝཱེ།
 བཀྲམ་ནས་ཐིམ་པའི་ཆུ་ལྟར་དེ་རྣམས་མཛོད། དེས་མདའ་ཟིར་དུས་མདའ་ཆག་ལྟ་བུར་མཛོད།
 བཞུས་ནས་འདའ་བའི་སྐྱོག་ལྟོ་འབུ་ལྟར་མཛོད། ཉི་མ་མ་མཐོང་མངལ་སྐྱུར་མཁན་ལྟར་མཛོད།
 ཁྱོད་ཀྱི་སྣོད་ནི་ཚེར་མས་མ་ཚལ་སྔོན། ཤ་རྗེན་དང་ནི་བཙོས་མཁན་ཁྱད་མེད་པར། སྐོར་རླུང་ཞིག་གིས་འཁྱེར་དུ་འཇུག་པར་བྱ།
༡༠ དྲང་པོས་ལ་ཡོགས་མཐོང་དུས་དགའ་བར་འགྱུར། སྡིག་སྤྱོད་ཁྲག་ནང་དེ་ཡིས་རྐང་པ་འཁྲུད།
༡༡ དེ་ནས་མི་ཚོས་བདེན་པར་ཆོས་དྲང་པོར། འབྲས་བུ་འདུག་སྟེ་ས་གཞིར་གཤགས་མཛད་པའི། དཀོན་མཆོག་ཅིག་ནི་བདེན་པར་འདུག་ཟེར་འགྱུར༎