ཤ་ཨུལ་གྱི་དྲུང་ནས་དཱ་བིད་བྲག་ཕུག་ཏུ་བྲོས་སོང་དུས་སུ་དབུ་མཛད་ལ་འཕུང་མ་ཆུག་ཅེས་པའི་དབྱངས་ནང་ཁོང་གི་མིག་ཏཱམ་ཞིག་ནི།
༥༧
དཀོན་མཆོག་སྙིང་རྗེ་མཛོད་ཅིག་སྙིང་རྗེ་མཛོད། བར་ཆད་འདི་རྣམས་ཟིན་པར་འགྱུར་བའི་བར། ངའི་སེམས་སྐྱབས་སུ་མཆི་ཞིང་ཁྱེད་ཉིད་ཀྱི། འདབ་ཤོག་གྲིབ་བསིལ་འོག་ཏུ་ཡིབ་པར་བྱ།
 བདག་ལ་ཚང་མ་མཛད་པའི་དཀོན་མཆོག་ལ། བླ་མེད་དཀོན་མཆོག་ལ་ངས་འོ་དོད་གཏང་།
 དེས་ང་ཟ་བར་དགའ་དུས་ཁོང་གིས་ང་། སྐྱོབ་ཏུ་གནམ་ནས་གནང་ཞིང་བཀའ་བཀྱོན་འོང་། [སེ་ལཱ།] དཀོན་མཆོག་གིས་ནི་བྱམས་དང་བདེན་སྐུར་འོང་།
 སེང་གེའི་ཁྲོད་ངའི་སྲོག་ཡོད་མེ་འབར་བའི། གསེབ་ང་ཉལ་ཡོད་མིའི་བུ་གང་རྣམས་ཀྱི། སོ་ནི་མདུང་དང་མདའ་མོ་དང་ལྕེ་ནི། རལ་གྲི་རྣོ་བ་ཡིན་པའི་གསེབ་ཉལ་ཡོད།
 གནམ་ལས་ཀྱང་ཁྱེད་མཐོར་ཤོག་ཀྱེ་དཀོན་མཆོག ས་གཞི་ཀུན་ལས་ཀྱང་ཁྱེད་ཟིལ་མཐོར་ཤོག
 ང་ཡི་རྐང་ཕྱིར་རྙི་བཙུགས་ངའི་སེམས་ཁུམས། ངའི་མདུན་དོང་བྲུས་ནང་དུ་དེ་དག་ལྷུང་། [སེ་ལཱ།]
 དཀོན་མཆོག་ཀྱེ་ངའི་སྙིང་བརྟན་ངའི་སྙིང་བརྟན། ངས་གླུ་འབུལ་ཞིང་བསྟོད་པའི་དབྱངས་འབུལ་འོང་།
 ང་ཡི་ཟིལ་ལོངས་པི་ཝང་སྒྲ་སྙན་ལོངས། སྐྱ་འོད་དང་ང་ལང་ཞིང་མི་སྡེ་ཡི།
 ཁྲོད་དུ་ཡཱ་ཝཱེ་ཁྱེད་ལ་གཏང་རག་བྱ། མི་བརྒྱུད་རྣམས་ཁྲོད་ཁྱེད་ལ་བསྟོད་དབྱངས་བྱ།
༡༠ ཁྱེད་ཀྱི་བྱམས་བརྩེ་ནམ་མཁའ་ལྟར་ཆེ་ཞིང་། ཁྱེད་ཀྱི་བདེན་ཉིད་མཁའ་མཉམ་ལགས་པས་སོ༎
༡༡ གནམ་ལས་ཁྱེད་མཐོ་བར་ཤོག་ཀྱེ་དཀོན་མཆོག ས་གཞི་ཀུན་ལས་ཁྱེད་ཟིལ་མཐོ་བར་ཤོག།