ཕེ་ལེ་ཤེད་པས་གད་ལ་དཱ་བིད་བཟུང་དུས་སུ་དབུ་མཛད་ལ་རྒྱང་རིང་སྒྲ་མེད་ཕུག་རོན་བྱ་བའི་དབྱངས་ནང་དཱ་བིད་ཀྱི་མིག་ཏཱམ་ཞིག་ནི།
༥༦
མི་ཡིས་ཁོ་བོ་ཁྱུར་མིད་བྱེད་འདོད་དེ། ཉིན་གང་འཐབ་ཅིང་བརྡབས་སིགས་བྱེད་པས་ན། ང་ལ་སྙིང་རྗེ་མཛོད་ཅིག་ཀྱེ་དཀོན་མཆོག
 ང་རྒྱལ་བྱེད་ཅིང་ང་ལ་རྒོལ་མཁན་མང་། ཉིན་གང་བདག་གི་དགྲ་ཚོས་ང་མིད་འདོད།
 འཇིགས་དུས་བདག་གིས་ཁྱེད་ལ་བློ་གཏད་བྱ།
 དཀོན་མཆོག་ནང་ན་ཁོང་གི་བཀའ་ལ་བསྟོད། དཀོན་མཆོག་ལ་བློ་གཏད་ཅིང་ང་མི་འཇིགས། ང་ལ་ལུས་ཅན་གྱིས་ནི་ཅི་བྱེད་ནུས།
 ཉིན་གང་དེ་ཚོས་བདག་གི་གཏམ་གཅོག་ཅིང་། བསམ་པ་ཐམས་ཅད་ང་ལ་ངན་བྱེད་པའོ༎
 དེ་རྣམས་ཕྱོགས་གཅིག་འདུས་ནས་ཡིབ་པར་བྱེད། ང་ཡི་རྐང་རྗེས་གཅོད་ཅིང་སྲོག་ལ་འཇབ།
 ཉེས་པ་བྱེད་པས་དེ་རྣམས་ཐར་འགྱུར་རམ། ཁྲོ་བས་མི་སྡེ་རྡབ་མཛོད་ཀྱེ་དཀོན་མཆོག
 ང་ནི་རྒྱུ་བའི་གྲངས་རྩི་ཁྱེད་ཀྱིས་མཛད། བདག་གི་མཆི་མ་ཁྱེད་ཀྱི་བུམ་པར་བསགས། དེ་རྣམས་ཁྱེད་ཀྱི་ཕྱག་དཔེ་ནང་མེད་དམ།
 བདག་གིས་འོ་དོད་འབོད་དུས་ངའི་དགྲ་འཕམ། དཀོན་མཆོག་ངའི་ཕྱོགས་ཡོད་པ་བདག་གིས་ཤེས།
༡༠ དཀོན་མཆོག་དང་ནི་ཁོང་གི་བཀའ་ལ་བསྟོད། ཡ་ཧོ་ཝཱ་དང་ཁོང་གི་བཀའ་ལ་བསྟོད།
༡༡ དཀོན་མཆོག་ལ་བློ་གཏད་ཅིང་ང་མི་འཇིགས། མི་ཡིས་བདག་ལ་ཅི་ཞིག་བྱེད་པར་ནུས།
༡༢ དཀོན་མཆོག་ཁྱེད་ཀྱི་དམ་བཅའ་ངའི་ཁར་ཡོད། གཏང་རག་མཆོད་པ་ཁྱེད་ལ་ངས་འབུལ་འོང་།
༡༣ དཀོན་མཆོག་དྲུང་དུ་གསོན་པོའི་འོད་ཀྱི་ནང་། འགྲུལ་ཕྱིར་ཁྱེད་ཀྱིས་ངའི་སྲོག་འཆི་ལས་བསྒྲལ། ལྟུང་བ་ལས་ངའི་རྐང་པ་མ་བསྲུངས་སམ༎