སིབ་པ་རྣམས་འོངས་ནས་ཤ་ཨུལ་ལ་དཱ་བིད་ནི་ངེད་ཀྱི་ཁྲོད་དུ་ཡིབ་ནས་མེད་དམ། ཞེས་སྨྲས་པའི་ཚེ་དབུ་མཛད་ལ་རྒྱུད་ལྡན་གྱི་རོལ་ཆས་མཉམ་དཱ་བིད་ཀྱིས་གསུངས་པའི་མཱས་ཀིལ་ཞིག་ནི།
༥༤
དཀོན་མཆོག་ཁྱེད་ཀྱི་མཚན་གྱིས་ང་སྐྱོབ་མཛོད། ཁྱེད་ཀྱི་མཐུ་སྟོབས་ཀྱིས་ངའི་གཤགས་མཛོད་ཅིག
 བདག་གི་དགྲ་རུ་མཐའི་མི་རྣམས་ལངས་ཏེ། མི་དྲག་པོ་རྣམས་ང་ཡི་སྲོག་ལ་རྔམ། དེ་ཚོས་རང་མདུན་དཀོན་མཆོག་མ་བཞག་པས།
 ང་ཡི་སྨོན་ལམ་ལ་གསན་དཀོན་མཆོག་ཀྱེ། ངའི་ཁའི་གཏམ་ལ་ཁྱེད་སྙན་གཏད་དུ་གསོལ། [སེ་ལཱ།]
 ལྟོས་ངའི་ར་མདའ་དཀོན་མཆོག་ཡོད་ངའི་སྲོག ཉ་ར་མཛད་མཁན་ཁྲོད་ན་ཡཱ་ཝཱེ་ཡོད།
 ཁོང་གིས་ངའི་དགྲའི་ཐོག་ངན་ཟློག་པར་འགྱུར། ཁྱེད་ཀྱི་བདེན་བཞིན་དེ་རྣམས་ཚར་ཆོད་ཅིག
 སྡུག་བསྔལ་ཀུན་ལས་ཁོང་གིས་ང་བསྒྲལ་ཏེ། ངའི་དགྲར་ཕོག་པ་ངའི་མིག་གིས་མཐོང་བས།
 ཁྱེད་ལ་རང་སེམས་འཐད་པའི་མཆོད་པ་དབུལ། ཀྱེ་ཡ་ཧོ་ཝཱ་ལེགས་པོ་ཡིན་པ་ཡི། ཁྱེད་མཚན་ལ་ངས་གཏང་རག་འབུལ་བར་བྱའོ༎