དབུ་མཛད་ལ་མ་ཧ་ལཱད་ཀྱི་དབྱངས་ནང་དཱ་བིད་ཀྱི་མཱས་ཀིལ་ཞིག་ནི།
༥༣
གླེན་པས་སྙིང་ནང་དཀོན་མཆོག་མེད་ཅེས་སྨྲས། དེ་རྣམས་བརླགས་ནས་ཞེན་ལོག་ཉེས་པ་བྱས། ལས་བཟང་བྱེད་མཁན་སུ་ཡང་མི་འདུག་གོ།
 མཁས་པ་དཀོན་མཆོག་བཙལ་མཁན་ལ་གཟིགས་ཕྱིར། དཀོན་མཆོག་གནམ་ནས་མིའི་བུ་རྣམས་ལ་གཟིགས།
 དེ་ཀུན་ལམ་སྟོར་ལྷན་ཅིག་གྲིབ་ཅན་སོང་། ལས་བཟང་བྱེད་མཁན་སུ་གཅིག་ཀྱང་མི་འདུག
 ང་ཡིས་མི་སྡེ་བག་ལེབ་ལྟར་ཟ་ཞིང་། དཀོན་མཆོག་མཚན་མི་བརྗོད་པར་ལས་ངན་པ། བྱེད་མཁན་རྣམས་ལ་བློ་གྲོས་ཅང་མེད་དམ།
 ཁྱེད་དགྲ་སྒར་བཏབ་མཁན་གྱི་རུས་པ་རྣམས། དཀོན་མཆོག་གིས་ནི་གཏོར་བར་མཛད་དེ་རྣམས། འཇིགས་པ་ཅི་ཡང་མེད་ཀྱང་ཆེར་འཇིགས་གྱུར། ཡཱ་ཝཱེས་སྤངས་པས་ཁྱེད་ཀྱིས་ཁྲེལ་བར་བཅུག
 ཐར་བར་འགྱུར་བ་འབྱུང་ན་ཅི་མ་རུང་། ཡཱ་ཝཱེས་ཉིད་ཀྱི་མི་སྡེ་བཙོན་དོང་ལས། ཕྱིར་ལོག་འདྲེན་པར་མཛད་པའི་དེ་དུས་སུ། ཡ་ཀོབ་དགའ་ཞིང་ཨིས་ར་ཨེལ་མགུ་འགྱུར་རོ༎