ཨ་སབ་ཀྱི་གསུང་མགུར་ཞིག་ནི།
༥༠
དཀོན་མཆོག་ཡཱ་ཝཱེ་དཀོན་མཆོག་གིས་གསུངས་ཏེ། ཤར་ནས་ནུབ་ཐུག་ས་གཞི་ལ་བོས་མཛད།
 མཛེས་མཆོག་ཙི་ཨོན་ལས་ནི་དཀོན་མཆོག་སྣང་།
 ངེད་ཀྱི་དཀོན་མཆོག་འབྱོན་ཞིང་ཞལ་མི་རོག ཁོང་གི་སྔོན་སྔོན་མེ་ཡིས་སྲེག་བྱེད་ཅིང་། ཁོང་གི་ཕྱོགས་བཞིར་རླུང་དྲག་རྒྱུག་པར་འགྱུར།
 ཁོང་ཉིད་མི་སྡེར་ཞལ་ཆེ་གཅད་པའི་ཕྱིར། སྟེང་གི་གནམ་དང་ས་གཞིར་འབོད་མཛད་ཅིང་།
 ང་དང་མཆོད་པ་བཅས་ཆད་བྱས་པའི་ངའི། དམ་པ་རྣམས་ནི་ངའི་དྲུང་སྡུས་ཤིག་གསུང་།
 དེ་ནས་དཀོན་མཆོག་ཉིད་ཀྱིས་གཤགས་བྱ་བས། གནམ་རྣམས་ཁོང་གི་དྲང་བ་ཉིད་བསྒྲག་གོ། [སེ་ལཱ།]
 ཀྱེ་ངའི་མི་སྡེ་ཉོན་ངས་གསུང་བར་བྱ། ཀྱེ་ཨིས་ར་ཨེལ་ངས་ཁྱོད་ལ་དབང་བྱའོ། ཁྱོད་ཀྱི་དཀོན་མཆོག་ང་ནི་དཀོན་མཆོག་ཡིན།
 ཁྱོད་ཀྱི་མཆོད་པའི་ཕྱིར་ངས་བཀའ་མི་བཀྱོན། ངའི་མདུན་ཁྱོད་ཀྱི་སྦྱིན་སྲེག་དུས་རྒྱུན་འདུག
 ཁྱོད་ཀྱི་ཁྱིམ་ལས་ངས་གླང་ཡང་མི་བླང་། ཁྱོད་ཀྱི་ལྷས་ནས་ར་ཕོའང་ངས་མི་འཁྱེར།
༡༠ ནགས་ཀྱི་སེམས་ཅན་ཀུན་དང་རི་སྟོང་སྟོང་། རྣམས་ལ་ཡོད་པའི་སེམས་ཅན་ཁོ་བོའི་ཡིན།
༡༡ རི་ཡི་འདབ་ཆགས་ཐམས་ཅད་ངས་ངོ་ཤེས། ཐང་གའི་གཅན་གཟན་རྣམས་ནི་ང་ཡི་ཡིན།
༡༢ འཇིག་རྟེན་དང་ནི་དེར་གང་ངའི་ཡིན་པས། ང་ནི་བཀྲེས་ནའང་ཁྱོད་ལ་མི་སྨྲ་སྟེ།
༡༣ ང་ཡིས་གླང་གི་ཤ་དག་ཟ་འགྱུར་རམ། ཡང་ན་ར་ཕོའི་ཁྲག་ཀྱང་འཐུང་འགྱུར་རམ།
༡༤ དཀོན་མཆོག་ལ་ནི་གཏང་རག་མཆོད་པ་ཕུལ། བླ་ན་མེད་པར་དམ་བཅས་པ་རྣམས་ཕུལ།
༡༥ སྡུག་བསྔལ་འབྱུང་དུས་ང་ལ་འོ་དོད་ཐོང་། ངས་ཁྱོད་བསྒྲལ་ཞིང་ཁྱོད་ཀྱིས་ང་བསྟོད་འོན།
༡༦ སྡིག་སྤྱོད་ལ་ནི་དཀོན་མཆོག་འདི་སྐད་གསུང་། བསླབ་བྱར་སྡང་ཞིང་ངའི་བཀའ་རྒྱབ་སྐྱུར་ཞིང་།
༡༧ ང་ཡི་སྤྱད་མཚམས་ཁྱོད་ཀྱིས་ཅི་ལ་བཤད། ང་ཡི་ཞལ་ཆད་ཁྱོད་ཁར་ཅི་ལ་ལེན།
༡༨ རྐུན་མ་མཐོང་དུས་ཁྱོད་ཀྱང་ཁོ་དང་འཆམ། ལོག་གཡེམ་བྱེད་མཁན་མཉམ་ཁྱོད་འདྲེས་པ་ཡིན།
༡༩ ཁ་ནས་ངན་པ་འདོན་ལྕེས་གཡོ་སྒྱུ་རྩོམ།
༢༠ ས་ལ་སྡོད་དེ་རང་གི་སྤུན་ལ་སྨད། རང་གི་མ་ཡི་བུ་ལ་སྙད་འདོགས་བྱེད།
༢༡ ཁྱོད་ཀྱིས་དེ་ལྟར་བྱས་ཀྱང་ངས་ཞལ་རོག ཁྱོད་རང་འདྲ་བ་ངའང་ཡིན་ཁྱོད་ཀྱིས་བསམས། འོན་ཀྱང་ངས་ཁྱོད་སྨད་ཅིང་ཁྱོད་རང་གི། མིག་གི་མདུན་དུ་དེ་རྣམས་རིམ་བཞིན་བཞག
༢༢ སྐྱོབ་མཁན་མེད་པར་ངས་ཁྱོད་གསེད་ལས་ཆེ། ད་ཁྱོད་དཀོན་མཆོག་བརྗེད་མཁན་བསམ་པ་མཐོང་།
༢༣ གཏང་རག་མཆོད་པ་སུས་འབུལ་གྱིས་ང་བསྟོད། རང་གི་སྤྱོད་ལམ་ཁྲིག་ཁྲིག་བྱེད་མཁན་ལ། དཀོན་མཆོག་གི་ཐར་པ་ངས་སྟོན་པར་བྱའོ༎