དབུ་མཛད་ལ་ཨ་ལཱ་མོད་ཀྱི་དབྱངས་ནང་ཀོ་རཱའི་བུ་རྣམས་ཀྱི་གསུང་མགུར་ཞིག་ནི།
༤༦
ངེད་ཀྱི་སྐྱབས་གནས་དང་སྟོབས་དཀོན་མཆོག་ཡིན། སྡུག་བསྔལ་ནང་དུ་ཁྱེད་ངའི་སྐྱབས་ལགས་པས།
 ས་གཞི་ལོག་རུང་རི་རྣམས་རྒྱ་མཚོའི་གཏིང་། ཁྱེར་རུང་འུར་སྒྲ་འདོན་ཞིང་ཆུ་འཁྲུག་སྟེ།
 འཕེལ་ཞིང་རི་རྣམས་འགུལ་རུང་ངེད་མི་འཇིགས། [སེ་ལཱ།]
 གཙང་པོའི་ཡུར་བས་དཀོན་མཆོག་གི་གྲོང་ཁྱེར། བླ་མེད་བཞུགས་གནས་དམ་པ་སྐྱིད་པར་བྱེད།
 དཀོན་མཆོག་དེའི་དཀྱིལ་བཞུགས་པས་གཡོ་མི་འགྱུར། སྔ་གསར་དཀོན་མཆོག་གིས་ནི་དེར་གྲོགས་མཛད།
 མི་བརྒྱུད་རྣམས་ཁྲོས་རྒྱལ་ཁམས་རྣམས་ནི་གཡོས། ཁོང་གིས་གསུང་སྐད་འདོན་པས་ས་ཆེན་བཞུས།
 དཔུང་ཆེན་རྣམས་ཀྱི་ཡཱ་ཝཱེ་ངེད་མཉམ་ཡོད། ཡ་ཀོབ་ཀྱི་ནི་དཀོན་མཆོག་ངའི་སྐྱབས་གནས། [སེ་ལཱ།]
 ཡཱ་ཝཱེས་ས་གཞི་ཇི་ལྟར་སྟོངས་བཅུག་པའི། མཛད་པ་རྣམས་ལ་བལྟ་རུ་ཚུར་ཤོག་ཅིག
 ཁོང་གིས་ས་མཐའི་བར་དམག་མེད་པར་མཛད། གཞུ་གཅོག་གདུང་གཏུབ་ཤིང་རྟ་མེ་ལ་སྲེག
༡༠ དཀོན་མཆོག་ང་ཡིན་རྟོགས་ལ་ཁ་རོག་ཅིག མི་བརྒྱུད་རྣམས་ནང་ཁོ་བོ་འཕགས་པར་འགྱུར། ས་ཆེན་ནང་དུ་ང་ནི་འཕགས་པར་འགྱུར།
༡༡ དཔུང་ཆེན་རྣམས་ཀྱི་ཡཱ་ཝཱེ་ངེད་མཉམ་ཡོད། ཡ་ཀོབ་ཀྱི་ནི་དཀོན་མཆོག་ངའི་སྐྱབས་གནས༎ [སེ་ལཱ།]