དབུ་མཛད་ལ་དྲེས་མའི་མེ་ཏོག་གི་དབྱངས་ནང་ཀོ་རཱའི་བུ་རྣམས་ཀྱི་མཱས་ཀིལ་བྱ་བའི་གདུང་སེམས་ཀྱི་གསུང་མགུར་ཞིག་ནི།
༤༥
ཡིད་འོང་གཏམ་ཞིག་ངའི་སྙིང་ནང་ན་ལུད། རྒྱལ་པོའི་ཕྱིར་ངས་བརྩམས་པ་བརྗོད་པར་བྱེད། ངའི་ལྕེ་སྨྱུག་འཛིན་མཁས་པའི་འབྲི་སྨྱུག་ཡིན།
 མིའི་བུ་རྣམས་ལས་ཁྱེད་ནི་ལྷག་པར་མཛེས། ཁྱེད་མཆུ་ཡིད་དུ་འོང་བས་གང་བའི་སྟབས། དཀོན་མཆོག་གིས་ཁྱེད་གཏན་ཕྱིར་བྱིན་གྱིས་བརླབས།
 དཔལ་དང་མངའ་ཐང་ལགས་པའི་རལ་གྲི་དེ། དཔའ་བོ་ཁྱེད་ཀྱི་སྐུ་རྐེད་འཆིང་བར་མཛོད།
 བདེན་དང་ཐུགས་དུལ་དྲང་བ་ཉིད་ཀྱི་ཕྱིར། ཟིལ་ནང་དར་ཞིང་ཆིབས་མཛོད་ཕྱག་གཡས་པས། ཁྱེད་ལ་འཇིགས་སུ་རུང་བ་སློབ་པར་འགྱུར།
 ཁྱེད་ཀྱི་མདའ་རྣོ་རྒྱལ་པོའི་དགྲའི་སྙིང་ལ། འཕོག་ཅིང་མི་སྡེ་རྣམས་ནི་ཁྱེད་འོག་ལྟུང་།
 དཀོན་མཆོག་ཁྱེད་ཀྱི་རྒྱལ་ཁྲི་དུས་རྒྱུན་གནས། ཁྲིམས་དབྱུག་དྲང་པོ་རྒྱལ་སྲིད་ཁྲིམས་དབྱུག་ཡིན།
 དྲང་པོར་ཁྱེད་ཀྱིས་གདུངས་ཀྱང་ངན་པར་སྡང་། དེ་ཕྱིར་དཀོན་མཆོག་ཁྱེད་ཀྱི་དཀོན་མཆོག་གིས། ཁྱེད་ཀྱི་འདྲ་འདྲ་རྣམས་ལས་ལྷག་པར་ཁྱེད། དགའ་སྤྲོའི་སྣུམ་གྱིས་ཁོང་གིས་ཁྱེད་བྱུགས་མཛད།
 ན་བཟའ་ཀུན་ལས་གན་དྷ་ར་ས་དང་། ཨ་ག་རུ་དང་ཤིང་ཚའི་དྲི་བསུང་འབྱུང་། བ་སོའི་མཁར་གྱི་རོལ་མོས་ཁྱེད་དགྱེས་བཅུག
 ཞེ་ས་ལྡན་པའི་ཁྱེད་ཀྱི་བཞིན་བཟང་ཁྲོད། རྒྱལ་པོའི་སྲས་མོ་རྣམས་བཞུགས་ཁྱེད་ཕྱག་གཡས། ཨོ་ཕིར་གསེར་གྱིས་བརྒྱན་པའི་རྒྱལ་མོ་བཞུགས།
༡༠ བཞིན་བཟང་ཁྱེད་རྣམས་ཉོན་ཞིག་བསམ་བློ་ཐོངས། རང་གི་བརྒྱུད་དང་ཕ་ཁང་རྗེད་ཅིག་དང་།
༡༡ ཁྱེད་ཀྱི་བྱད་མཛེས་རྒྱལ་པོས་གདུང་བར་བྱ། ཁྱེད་ཀྱི་གཙོ་བོ་ཁོང་ཡིན་ཕྱག་ཕུལ་ཞིག
༡༢ ཚོར་གྱི་བུ་མོས་ཕྱག་རྟེན་བཅས་སུ་དང་། མི་སྡེའི་ཕྱུག་པོས་ཁྱེད་ཀྱི་ངོ་འཚོལ་འོང་།
༡༣ ཁབ་ནང་རྒྱལ་པོའི་སྲས་མོ་རྣམ་ཀུན་མཛེས། ན་བཟའ་གསེར་སྐུད་ལས་བཏགས་པའོ༎
༡༤ རྒྱན་གཞི་གསོལ་ཏེ་རྒྱལ་པོའི་དྲུང་སྐྱེལ་འོང་། དེ་ལ་འབྲང་བའི་བག་རོགས་ན་ཆུང་རྣམས། ཁྱེད་ཀྱི་སྐུ་དྲུང་དེ་རྣམས་སྐྱེལ་བར་འགྱུར།
༡༥ དགའ་མགུ་སེམས་སྐྱིད་དང་བཅས་སྐྱེལ་བར་འགྱུར། རྒྱལ་པོའི་ཁབ་ནང་འཇུག་འོང་ཁྱེད་ཀྱི་སྲས།
༡༦ རྣམས་ནི་ཡབ་མེས་ཚབ་འགྱུར་འོང་ཁྱེད་ཀྱིས། དེ་རྣམས་ས་གཞི་ཀུན་ནང་དཔོན་པོར་དགོད།
༡༧ ཁྱེད་མཚན་མི་རབས་ཀུན་དུ་དྲན་གཞུག་པས། མི་སྡེས་དུས་རྒྱུན་ཁྱེད་ཀྱི་དྲིན་གཟོ་འོང་༎