དབུ་མཛད་ལ་ཀོ་རཱའི་བུ་རྣམས་ཀྱི་གསུང་མགུར་ཞིག་ནི།
༤༧
བླ་མེད་གཙོ་བོ་འཇིགས་སུ་རུང་ལགས་ཏེ། ས་ཆེན་ཀུན་གྱི་རྒྱལ་ཆེན་ཁོང་ལགས་པས།
 སྡེ་ཀུན་ལག་རྡབ་ཐོང་ཞིག་སེམས་དགའ་བའི། སྐད་ཀྱིས་དཀོན་མཆོག་ཕྱིར་དུ་ཀུ་ཐེགས་ཤིག
 ཁོང་གིས་མི་སྡེ་རྣམས་ངེད་འོག་བཅུག་སྟེ། ངེད་ཀྱི་རྐང་འོག་མི་བརྒྱུད་རྣམས་འཇུག་འོང་།
 བྱམས་མཛད་ཡ་ཀོབ་ཀྱི་ནི་དཔལ་ལགས་པའི། ནོར་སྐལ་དེ་ནི་ངེད་དོན་འདམ་པར་འགྱུར། [སེ་ལཱ།]
 ལྷང་ལྷང་སྐད་བཅས་དཀོན་མཆོག་ཡར་འཕགས་སོ། དུང་སྐད་བཅས་སུ་ཡཱ་ཝཱེ་ཡར་འཕགས་སོ༎
 དཀོན་མཆོག་ལ་ནི་བསྟོད་དབྱངས་བསྟོད་དབྱངས་ཕུལ། ང་ཡི་རྒྱལ་པོར་བསྟོད་གླུ་སྟོད་གླུ་ཕུལ།
 ས་གཞི་ཀུན་གྱི་རྒྱལ་པོ་དཀོན་མཆོག་ཡིན། ཁོང་ལ་མཁས་པའི་བློ་ཡིས་སྟོད་དབྱངས་ཕུལ།
 མི་བརྒྱུད་རྣམས་ལ་དཀོན་མཆོག་གིས་སྲིད་མཛད། དཀོན་མཆོག་ཉིད་ཀྱི་དམ་པའི་རྒྱལ་ཁྲིར་བཞུགས།
 ཨབ་ར་ཧམ་གྱི་དཀོན་མཆོག་གི་མི་སྡེར། འགྱུར་ཕྱིར་མི་སྡེའི་སྐུ་དྲག་རྣམས་འདུ་འོ། ས་གཞིའི་ཕུབ་རྣམས་དཀོན་མཆོག་གི་ཡིན་ཏེ། ཁོང་ནི་རབ་ཏུ་འཕགས་པ་ལགས་པས་སོ༎