༤༣
ང་ཡི་གཤགས་མཛོད་ཀྱེ་དཀོན་མཆོག ཆོས་མེད་མི་བརྒྱུད་མཉམ་བདག་གི། རྒྱུ་རྐྱེན་ཕྱིར་དུ་འཁྲབ་གླེང་མཛོད། མགོ་བསྐོར་ཅན་དང་ལོག་པར་ཅན། མི་ལས་ང་ནི་སྐྱོབ་ཏུ་གསོལ།༢ ཁྱེད་ངའི་སྟོབས་ཀྱི་དཀོན་མཆོག་ཡིན། ཅི་ལ་ཁྱེད་ཀྱིས་ང་སྤངས་སོ། དགྲ་བོའི་མགོ་ནོན་རྐྱེན་གྱིས་ང་། མྱ་ངན་བྱེད་ཅིང་འགྲོ་དགོས་ཅི།
༣ ཁྱེད་ཀྱི་འོད་དང་བདེན་པ་སྩོལ། དེས་ང་དམ་པའི་རི་བོ་དང་། ཁྱེད་ཀྱི་བཞུགས་གནས་ལ་སྐྱེལ་ཤོག
༤ དེ་ནས་དཀོན་མཆོག་མཆོད་ཁྲིའི་རྩར། བདག་གི་དགའ་བ་མཆོག་ཡིན་པའི། དཀོན་མཆོག་སྐུ་དྲུང་འགྲོ་བར་བྱ། དཀོན་མཆོག་ཁྱེད་ངའི་དཀོན་མཆོག་ལ། སྒྲ་སྙན་འཁྲོལ་ཞིང་བསྟོད་དབྱངས་བྱ།
༥ ངའི་སེམས་ཅི་ལ་ཁྱོད་སེམས་འཕམ། ཅི་ལ་ཁོག་ནང་ཁྲུགས་པ་ཡིན། ངའི་ངོའི་སྐྱབས་དང་དཀོན་མཆོག་ལ། ད་རུང་ཡང་ངས་བསྟོད་འོང་བས། དཀོན་མཆོག་ལ་ཁྱེད་རེ་བ་བྱོས༎