དབུ་མཛད་ལ་དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༤༡
དབུལ་ཕོངས་སེམས་མཁན་མི་དེ་བཀྲ་ཤིས་སོ། རྐྱེན་ངན་དུས་སུ་ཡཱ་ཝཱེས་ཁོ་སྐྱོབ་འགྱུར།
 ཡཱ་ཝཱེས་བསྲུང་ཞིང་གསོན་པོར་ཁོ་གཞག་ཅིང་། ས་གཞིར་མི་དེ་བཀྲ་ནི་ཤིས་པར་འགྱུར། དགྲ་བོར་ཅི་འཐད་བྱེད་དུ་ཁོ་མ་གནང་།
 ན་བའི་མལ་ཁྲིར་ཡཱ་ཝཱེས་ཁོ་སྐྱོང་ཞིང་། ན་དུས་ཁྱེད་ཀྱིས་མལ་ཆས་ཀུན་མཛད་དོ༎
 ཡཱ་ཝཱེ་སྙིང་རྗེ་མཛོད་ཅིག་ངས་ཁྱེད་ལ། སྡིག་པ་བྱས་པས་ངའི་སེམས་གསོ་མཛོད་ཞུས།
 ཁོ་ནི་འཆི་ཞིང་མིང་མེད་ནམ་ནུབ་འོང་། དགྲ་ཚོས་ཟེར་ཞིང་ངན་པ་ངའི་ཕྱིར་གླེང་།
 འཕྲད་དུ་འོང་ན་ང་ལ་རྫུན་གཏམ་ཟེར། ཁོ་ཡི་སྙིང་གིས་རང་ནང་ངན་པ་སོག ཕྱི་རོལ་འཐོན་དུ་དེ་བཞིན་ཟེར་བར་བྱེད།
 ང་ལ་སྡང་མཁན་ཀུན་ཁ་འདྲིལ་ཞིང་ཤུབ། ང་ལ་གནོད་སྐྱེལ་ཕྱིར་དུ་གྲོས་བྱེད་དོ༎
 དེ་ཚོས་ཁོ་ལ་ནད་ངན་འབྱར་འདུག་པས། ད་ཁོ་ཉལ་ཏེ་སླར་ནི་མི་ལང་ཟེར།
 ངའི་ཟན་ཟོས་ཤིང་བདག་གིས་བློ་བཏད་པའི། གྲོགས་པོ་ཉེ་མོས་ང་ལ་རྡོག་པ་བརྒྱབས།
༡༠ འོན་ཀྱེ་ཡཱ་ཝཱེ་ང་ལ་སྙིང་རྗེ་མཛོད། དེ་ཚོར་དགྲ་ལན་འཇལ་ཕྱིར་ང་སློངས་ཤིག
༡༡ དགྲ་བོ་བདག་ཐོག་མི་རྒྱལ་བའི་སྒོ་ནས། ཁྱེད་ནི་ང་ལ་དགྱེས་པ་ངས་ཤེས་སོ༎
༡༢ ང་ཡི་དྲང་པོ་ཁྱེད་ཀྱིས་བསྲུང་མཛད་ཅིང་། ཁྱེད་ཞལ་དྲུང་དུ་དུས་རྒྱུན་ང་འཇོག་མཛད།
༡༣ ཨིས་ར་ཨེལ་གྱི་དཀོན་མཆོག་ཡཱ་ཝཱེ་ལ། རྒྱུན་ནས་རྒྱུན་དུ་བསྟོད་ཤོག་ཨ་མེན་ཨ་མེན༎