དབུ་མཛད་ལ་ཡེ་དུ་ཐུན་གྱི་ཕྱིར་དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༣༩
ངའི་མདུན་སྡིག་སྤྱོད་ཡོད་རིང་དུ། རང་གི་སྤྱོད་པར་ཟོན་བྱེད་ཅིང་། ངའི་ལྕེས་སྡིག་པ་མི་བྱེད་ཕྱིར། ཁ་རུ་སྲབ་ཅིག་འཇུག་འོང་སྨྲས།
 ལྐུགས་ཤིང་ཁ་རོག་ང་བསྡད་དེ། བཟང་བ་ལས་ཀྱང་ངག་བཅད་རུང་། བདག་གི་ཁོང་པ་འཁྲུགས་པར་བྱས།
 ཁོང་ནང་བདག་གི་སྙིང་འཚིག་ཅིང་། ལོག་བསམ་བཏང་དུས་མེ་འབར་བྱུང་། དེ་ནས་ལྕེ་དང་འདི་སྐད་ཞུས།
 ངའི་མཇུག་ཚེ་ལོའི་ཚད་དེ་ནི། ཅི་ཡིན་ཡཱ་ཝཱེ་མངོན་པར་མཛོད།
 ཅི་ཙམ་རྒུད་པ་ང་རྟོགས་ཆུག གཟིགས་ཤིག་ངའི་ཚེ་ཐོ་གང་མཛད། ཁྱེད་དྲུང་ངའི་ཚེ་ཅི་ཡང་མིན། བདེན་པར་མི་ཀུན་ལེགས་སྐབས་ཀྱང་། ཡོངས་སུ་མི་རྟག་པ་ཡིན་ནོ༎ [ས་ལཱ།]
 བདེན་པར་མི་ནི་གྲིབ་ལྟར་འགྲུལ། དོན་མེད་ཀུ་སྒྲ་འདོན་པར་ངེས། ནོར་སོག་སུས་ཀྱང་བསྡུ་མི་ཤེས།
 ཡཱ་ཝཱེ་ད་ང་ཅི་ཕྱིར་སྒུག ཁྱེད་ཉིད་གཅིག་པུར་རེ་བ་བྱེད།
 ང་ཡི་འགལ་སྐྱོན་ཀུན་སྒྲོལ་མཛོད། གླེན་པའི་འཕྱ་རྒྱུར་བདག་མ་མཛད།
 བདག་ནི་ལྐུགས་ཤིང་ཁ་མ་ཕྱེས། དེ་བཞིན་ཁྱེད་ཀྱིས་མཛད་པས་སོ༎
༡༠ ཁྱེད་ཀྱི་ཁུ་ཚུར་ང་ལས་ཐེན། ཕྱག་གིས་རྡུང་བས་ང་ཚར་རོ༎
༡༡ མི་ལ་ཉེས་པའི་ཕྱིར་ཁྱེད་ཀྱིས། བཀའ་བཀྱོན་མཛད་ཅིང་འཇུན་པའི་དུས། བྱད་མཛེས་མུག་པ་ལྟ་བུར་མཛད། [ས་ལཱ།]
༡༢ ཡཱ་ཝཱེ་ང་ཡི་སྨོན་ལམ་སོན། ངུ་སྐད་ལ་ངའི་སྙན་ཐོད་ངའི། མཆི་མར་གཟིགས་ཤིང་ཞལ་མ་རོག ཕ་མེས་ལྟར་ང་ཁྱེད་དྲུང་དུ། རྒྱལ་ཁམས་པ་དང་བྱེས་པ་ཡིན།
༡༣ འདས་ནས་མེད་པར་མ་གྱུར་སྔོན། ངའི་ཤེད་ལོངས་ཕྱིར་ཚུར་མ་གཟིགས༎