དཱ་བིད་ཀྱི་དྲན་བསྐུལ་བའི་གསུང་མགུར་ཞིག་ནི།
༣༨
ཐུགས་ཁྲོས་བཀའ་མ་བཀྱོན་ཞིག་ཀྱེ་ཡཱ་ཝཱེ། ཁྲོ་གཏུམ་ནང་དུའང་བདག་ནི་འཇུན་མ་མཛད།༢ ཁྱེད་ཀྱི་ཕྱག་མདའ་རྣམས་ཀྱིས་ང་བརྟོལ་ཏེ། ཁྱེད་ཀྱི་ཕྱག་གིས་ང་ནི་ལྕི་བར་ནོན།
༣ ཁྱེད་ཐུགས་ཁྲོས་པས་ལུས་ནང་བདེ་བ་མེད། སྡིག་པས་རྐྱེན་ཏེ་ང་ཡི་རུས་པ་རྣམས།
༤ བདག་གི་ཉེས་པ་རྣམས་ནི་མགོ་ལས་ཐལ། ལྕི་བའི་ཁུར་ལྟར་ང་ལ་ཚོད་མེད་ལྕི།
༥ ང་ནི་གླེན་པས་རྨ་རྣམས་མནམ་ཞིང་རུལ།
༦ ཟུག་གཟེར་བྱུང་ནས་ཤིན་ཏུ་དགུར་རུར་སོང་། ཉིན་གང་མྱ་ངན་བྱེད་ཅིང་ང་འཁོར་རོ༎
༧ ང་ཡི་རྐེད་པ་ལ་ནི་མེ་མགལ་འབྱུང་། ལུས་ནང་ནད་མེད་གནས་ནི་མེད་པས་ཡིན།
༨ བདག་ནི་རྒུད་ཅིང་ཚོད་མེད་ཆག་གྱུར་ཏེ། སྙིང་མི་བསོད་ཀྱིས་རྐྱེན་ཏེ་སྨྲེ་སྔགས་བཏོན།
༩ ཡཱ་ཝཱེ་ཁྱེད་དྲུང་ང་ཡི་གདུང་ཤུགས་ཡོད། བདག་གི་འཁུན་ལུགས་ཁྱེད་ལས་སྦས་པ་མེད།
༡༠ ངའི་སྙིང་འདར་ཞིང་ལུས་སྟོབས་ཟད་ནས་འགྲོ། བདག་གི་མིག་གི་འོད་ཀྱང་བསྒྲིབས་གྱུར་ཏོ༎
༡༡ བདག་གི་ཉེ་བ་རྣམས་དང་མཛའ་གྲོགས་རྣམས། བདག་གི་བར་ཆད་དག་ལས་བྱོལ་བསྡད་དེ། གཉེན་འབྲེལ་རྣམས་ཀྱང་ཐག་རིང་སོང་ནས་བསྡད།
༡༢ བདག་གི་སྲོག་ལ་རྔམ་པ་རྙི་འཛུག་ཅིང་། གནོད་སྐྱེལ་འཚོལ་བས་གཡོ་སྒྱུའི་གཏམ་བྱེད་དེ། ཉིན་གང་མགོ་བསྐོར་གཏོང་བའི་གྲོས་བྱེད་དོ༎
༡༣ འོན་ཀྱང་འོན་པ་བཞིན་དུ་ངས་མི་ཐོས། ལྐུགས་པ་འདྲ་བར་བདག་གིས་ཁ་མི་འབྱེད།
༡༤ འོ་ན་ང་ནི་རྣ་བས་མི་ཐོས་ཤིང་། ཁ་ནང་ཨ་ལན་འདེབས་རྒྱུ་མེད་མཁན་འདྲ།
༡༥ ངས་ནི་ཁྱེད་ལ་རེ་བས་ཀྱེ་ཡཱ་ཝཱེ། དཀོན་མཆོག་ཡཱ་ཝཱེས་བཀའ་ལན་གནང་བར་འགྱུར།
༡༦ ང་ཡི་རྐང་པ་འདྲེད་དུས་དེ་དག་དགའ། རང་མཐོང་སྐྱེད་པར་མ་གྱུར་ཅིག་ངས་སྨྲས།
༡༧ ང་འགྱེལ་ཆོག་ཆོག་ཡོད་པས་སེམས་སྐྱོ་ནི། བར་མ་ཆད་པར་བདག་གི་མདུན་དུ་ཡོད།
༡༨ རང་ནོངས་མཐོལ་ཞིང་སྡིག་པའི་ཕྱིར་སེམས་འཚེར།
༡༩ འོན་ངའི་དགྲ་རྣམས་གསོན་ཞིང་སྟོབས་ཆེ་སྟེ། དོན་མེད་ང་ལ་སྡང་མཁན་འཕེལ་ནས་འདུག
༢༠ དེ་ཚོས་བཟང་པོའི་ལན་དུ་ངན་པ་བྱེད། བཟང་པོར་ངས་སྙེགས་ཕྱིར་དུའང་ངའི་དགྲ་ཡིས།
༢༡ ང་ནི་སྐྱུར་བར་མ་མཛད་ཀྱེ་ཡཱ་ཝཱེ། ཀྱེ་ངའི་དཀོན་མཆོག་བདག་ལས་འབྲལ་མ་མཛད།
༢༢ མྱུར་དུ་གྲོགས་མཛོད་ངའི་སྐྱབས་ཀྱེ་ཡཱ་ཝཱེ༎