དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༢༩
ཀྱེ་ཀུན་དབང་སྲས་རྣམས་ཡཱ་ཝཱེ་ལ། བསྟོད་པར་བྱེད་ཅིང་ཆེ་བ་བརྗོད་པར་བྱོས།༢ ཡཱ་ཝཱེའི་མཚན་དང་མཚུངས་པའི་བསྟོད་པ་ཕུལ། གཟབ་གོས་དམ་པ་གོན་ཏེ་ཡཱ་ཝཱེར་དུད།
༣ ཡཱ་ཝཱེའི་གསུང་སྐད་ཆུ་རྣམས་སྟེང་དུ་ཡོད། དཔལ་ལྡན་དཀོན་མཆོག་གིས་ནི་འབྲུག་ལྡིར་མཛད། ཆུ་ཆེན་རྣམས་ཀྱི་སྟེང་དུ་ཡཱ་ཝཱེ་བཞུགས།
༤ ཡཱ་ཝཱེའི་གསུང་སྐད་མཐུ་སྟོབས་དང་ལྡན་ནོ། ཡཱ་ཝཱེའི་གསུང་སྐད་ལྷང་ངེ་བ་ལགས་སོ༎
༥ ཡཱ་ཝཱེའི་གསུང་སྐད་ཀྱིས་ནི་འགྱམ་ཤིང་གཅོག ཡཱ་ཝཱེས་ལི་བ་ནོན་གྱི་འགྱམ་ཤིང་གཏུབ།
༦ དེ་རྣམས་བེའུ་ལྟར་དང་ལི་བ་ནོན། སིར་ཡོན་འབྲོང་ཕྲུག་ལྟར་དུ་མཆོང་འཇུག་མཛད།
༧ ཡཱ་ཝཱེའི་གསུང་སྐད་ཀྱིས་ནི་མེ་ལྕེ་གསེད།
༨ ཡཱ་ཝཱེའི་གསུང་སྐད་ཀྱིས་ནི་འབྲོག་སྟོང་སྒུལ། ཡཱ་ཝཱེས་ཁ་དཱེས་འབྲོག་སྟོང་དཀྲུག་པར་མཛད།
༩ ཡཱ་ཝཱེའི་སྐད་ཀྱིས་ཤ་མོའི་ཤ་ཕྲུག་སྐྱུར། ནགས་ཚལ་ཤིང་རྣམས་ཁོང་གིས་ཤུ་བར་མཛད། ཀུན་གྱིས་མཆོད་ཁང་ནང་ན་ཁོང་བསྟོད་དོ༎
༡༠ ཆུ་ལོག་འབྱུང་དུས་ཡཱ་ཝཱེ་རྒྱལ་ཁྲིར་བཞུགས། ཡཱ་ཝཱེ་དུས་རྒྱུན་དུ་ཡང་རྒྱལ་ཁྲིར་འཁོད།
༡༡ ཡཱ་ཝཱེས་ཉིད་ཀྱི་མི་སྡེར་སྟོབས་གནང་འགྱུར། ཡཱ་ཝཱེས་མི་སྡེར་ཞི་བདེའི་བྱིན་རླབས་བྱའོ༎