དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༢༨
ཡཱ་ཝཱེ་ཁྱེད་ལ་བདག་གིས་འབོད་པར་བྱ། ངའི་བྲག་ངའི་ཕྱིར་འོན་པ་མ་མཛད་ཅིག ཞལ་རོག་བཞུགས་ན་དུར་ཁུང་ནང་འབབ་པའི། མི་དང་འདྲ་བར་བདག་ནི་འགྱུར་བར་འགྱུར།༢ ཁྱེད་ཀྱི་དམ་པའི་གནས་ཕྱོགས་ངའི་ལག་པ། འདེགས་དུས་བདག་གི་འོ་དོད་ཞུ་སྒྲར་གསོན།
༣ སྙིང་གཅུས་གཏམ་འཇམ་ཁྱིམ་མཚེས་པར་ལབ་པའི། མི་ངན་སྡིག་སྤྱོད་རྣམས་མཉམ་ང་མ་སྐྲོད།
༤ དེ་ཚོའི་ལས་དང་བྱེད་ལུགས་ངན་པ་དང་། ལག་པའི་ལས་དང་བསྟུན་པའི་ལན་གནང་མཛོད། དེ་ཚོས་བྱས་པའི་ལས་འབྲས་དེ་ཚོར་གནོང་།
༥ དེ་ཚོས་ཡཱ་ཝཱེའི་མཛད་པ་དང་ཁོང་གི། ཕྱག་ལས་རྣམས་ལ་སྣང་རྟགས་མི་བྱེད་པས། ཁོང་གིས་དེ་རྣམས་རྡབ་ཅིང་སློང་མི་འོང་།
༦ ང་ཡི་ཞུ་སྒྲར་གསན་པའི་ཡཱ་ཝཱེར་བསྟོད།
༧ ཡཱ་ཝཱེ་བདག་གི་སྟོབས་དང་ཕུབ་ཡིན་ཏེ། ངའི་སྙིང་ཁོང་ལ་བཏད་ནས་སྐྱབས་མཛད་པས། ངའི་སྙིང་ཆེས་དགའ་གླུ་ལེན་ཁོང་ལ་སྟོད།
༨ ཡཱ་ཝཱེ་དེ་ཚོའི་སྟོབས་ཡིན་ཁོང་ཉིད་ཀྱི། ཁོང་ནི་བྱུགས་པ་དག་གི་ཐར་པའི་རྫོང་།
༩ ཁྱེད་ཀྱི་མི་སྡེ་སྐྱོབ་མཛོད་ཁྱེད་ནོར་སྐལ། དེ་ལ་བྱིན་གྱིས་རློབས་ཤིག་དེ་རྣམས་ནི། སྲེལ་བར་མཛད་ཅིང་དུས་རྒྱུན་འཁུར་དུ་གསོལ༎