དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༢༧
ཡཱ་ཝཱེ་ང་ཡི་འོད་དང་ཐར་ལམ་ཡིན། བདག་ནི་སུ་ཞིག་ལ་ནི་འཇིགས་འགྱུར་རམ། ཡཱ་ཝཱེ་ང་ཡི་ཚེ་ཡི་སྟོབས་ཡིན་པས། བདག་ནི་སུ་ཞིག་ལ་ནི་འཇིགས་པར་འགྱུར།
 ངན་སྤྱོད་ང་ལ་སྡང་བའི་དགྲ་རྣམས་ཀྱིས། ངའི་ཤ་ཟ་རུ་འོངས་དུས་བུབས་ནས་གྱེལ།
 དཔུང་གིས་ང་ལ་འཐབ་ཏུ་སྒར་འདེབས་རུང་། ངའི་སྙིང་མི་འཚབས་མ་ཟད་བདག་གི་ཐོག དམག་ཅིག་འདྲེན་རུང་ངའི་སེམས་འཁྱོར་མི་འགྱུར།
 ཡཱ་ཝཱེའི་ཟིལ་ལ་ལྟ་ཞིང་མཆོད་ཁང་ནང་། ཞིབ་དཔྱོད་བྱེད་ཕྱིར་ཡཱ་ཝཱེའི་མཆོད་ཁང་དུ། ཚེ་གང་སྡོད་པ་གཅིག་རང་ཕྱིར་ཡཱ་ཝཱེར། བདག་གིས་ཞུས་ཡོད་འདི་རང་ངས་འཚོལ་བས།
 དེ་ནས་སྡུག་བསྔལ་ཉིན་མོ་ང་ཁོང་གི། གུར་ཁང་ནང་དུ་སྦས་ནས་སྲུང་བར་འགྱུར། གུར་མཆོག་ཡོལ་བའི་ཕག་ཏུ་ང་སྦ་ཡོང་། བྲག་གི་སྟེང་དུ་བདག་ནི་འདེགས་མཛད་བྱ།
 ད་ང་བསྐོར་བའི་དགྲ་ལས་ངའི་མགོ་ནི། ཁོང་གིས་འདེགས་པར་མཛད་འགྱུར་ངས་དགའ་སྤྲོའི། མཆོད་པ་ཁོང་གི་གུར་མཆོག་ནང་འབུལ་ཞིང་། ཡཱ་ཝཱེར་བསྟོད་དབྱངས་ལེན་ཞིང་གླུ་བླང་འོང་།
 འབོད་དུས་ངའི་སྐད་གསན་འཚལ་ཀྱེ་ཡཱ་ཝཱེ། སྙིང་རྗེ་མཛད་ཅིང་ང་ལ་བཀའ་ལན་གནོང་།
 ངའི་ཞལ་ཚོལ་ཞིག་གསུངས་དུས་ངའི་སྙིང་གིས། ཡཱ་ཝཱེའི་ཞལ་ངོ་འཚོལ་འོང་ང་ལ་སྨྲས།
 ང་ལ་ཞལ་རས་མ་སྦ་ཐུགས་ཁྲོའི་ནང་། བྲན་པོ་མ་དོར་ཁྱེད་ངའི་ར་མདའ་ལགས། བདག་གི་སྲོག་སྐྱོབ་ལགས་པའི་ཀྱེ་དཀོན་མཆོག ང་ནི་མ་སྤོང་སྐྱུར་བར་ཡང་མ་མཛད།
༡༠ བདག་གི་ཕ་མ་གཉིས་པོས་ང་སྐྱུར་རུང་། ཡཱ་ཝཱེས་ང་ལ་ཉ་ར་མཛད་པར་འགྱུར།
༡༡ ཁྱེད་ཀྱི་ལམ་ནི་ངར་སྟོན་ཀྱེ་ཡཱ་ཝཱེ། དགྲ་ཡི་རྐྱེན་གྱིས་ང་ལམ་འཇམ་པོར་འཁྲིད།
༡༢ རྫུན་གྱི་དཔང་པོ་དང་ནི་བརྩེ་མེད་པའི། དབུགས་འདོན་མཁན་རྣམས་ང་ཡི་དགྲ་རུ་ལངས། ངའི་དགྲས་ཅི་འཐད་ང་ལ་བྱེད་མ་ཆུག
༡༣ ཡཱ་ཝཱེའི་བཀའ་དྲིན་གསོན་ཡུལ་ནང་མཐོང་བའི། དད་པ་མེད་ཚེ་ང་ནི་བརྒྱལ་བ་ཡིན།
༡༤ ཡཱ་ཝཱེར་སྒུགས་ཤིག་རེམ་ཞིག་ཁྱོད་རང་གིས། སྙིང་རུས་སྐྱེད་ཅིང་ད་རུང་ཡཱ་ཝཱེར་སྒུག།