དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༢༦
དྲང་པོར་འགྲུལ་ཞིང་ངའི་སེམས་མ་འཁྱོར་བར་ཡཱ་ཝཱེར། བློ་གཏད་བྱས་པས་ཡཱ་ཝཱེས་ང་ཡི་ཞལ་ཆེ་གཅོད་མཛོད།༢ བདག་ལ་ཚོད་ནི་གཟིགས་ཏེ་བརྟག་མཛོད་ཀྱེ་ཡཱ་ཝཱེ། ང་ཡི་མཁལ་མ་དང་ནི་སྙིང་ལ་ཞིབ་དཔྱོད་མཛོད།
༣ ཁྱེད་ཀྱི་བྱམས་གཟིགས་ང་ཡི་མིག་གི་མདུན་དུ་ཡོད། ཁྱེད་ཀྱི་བདེན་པའི་ལམ་ནང་བདག་ནི་འགྲུལ་བར་བྱས།
༤ ཤོབ་བོ་རྣམས་དང་མཉམ་དུ་ང་ནི་བསྡད་པ་མིན། ཚུལ་འཆོས་བྱེད་མཁན་རྣམས་མཉམ་ང་ནི་འགྲུལ་མི་བྱ།
༥ ངན་བྱེད་ཚོགས་ལ་ངས་སྡང་སྡིག་སྤྱོད་མཉམ་མི་བསྡད།
༦ ནོངས་མེད་ནང་ངས་ལག་པ་བཀྲུས་ནས་ཀྱེ་ཡཱ་ཝཱེ། ཁྱེད་ཀྱི་མཆོད་ཁྲིར་ང་ཡིས་སྐོར་བ་སྐོར་བར་བྱ།
༧ དེ་ནི་གཏང་རག་སྒྲ་ཆེན་སྒྲོག་ཅིང་ཁྱེད་ཀྱི་ནི། ངོ་མཚར་རྨད་བྱུང་མཛད་པ་ཐམས་ཅད་འཆད་ཕྱིར་རོ༎
༨ ཡ་ཧོ་ཝཱ་ཁྱེད་བཞུགས་པར་མཛད་པའི་གནས་དང་ནི། ཁྱེད་ཀྱི་གཟི་བརྗིད་མཆིས་པའི་གནས་ངས་གཅེས་པར་འཛིན།
༩ སྡིག་ཅན་རྣམས་ཀྱི་ཁོངས་སུ་ངའི་སེམས་མ་སྲེ་ཞིག སྲོག་གཅོད་མི་རྣམས་ཁོངས་སུ་ངའི་སྤྱོད་སྲེ་མ་མཛད།
༡༠ དེ་ཚོའི་ལག་ནང་ངན་དང་ལག་གཡས་ཕག་སུག་གང་།
༡༡ འོན་ང་དྲང་པོར་འགྲུལ་འོང་སྐྱོབས་ཤིག་སྙིང་རྗེ་མཛོད།
༡༢ བདག་གི་རྐང་པ་ས་ཆ་སྙོམས་པོར་བཙུགས་ཡོད་པས། མི་ཚོགས་རྣམས་ནང་ཡཱ་ཝཱེར་བཀྲ་ཤིས་བརྗོད་པར་བྱའོ༎