དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༢༥
ཀྱེ་ཡ་ཧོ་ཝཱ་ཁྱེད་ཕྱོགས་བདག་གི་སེམས་ཡར་འདེགས། ༢ དཀོན་མཆོག་ཁྱེད་ལ་ངའི་བློ་གཏད་པས་སྐྱེངས་མ་ཆུག ངའི་དགྲ་རྣམས་ནི་ངའི་ཕྱིར་དགའ་སྐྱིད་བྱེད་མ་ཆུག༣ ཁྱེད་ལ་སྒུག་མཁན་སུ་ཡང་ནམ་ཡང་སྐྱེངས་མི་འགྱུར། དོན་མེད་ལོག་པར་བྱེད་མཁན་རྣམས་ནི་ངོ་ཚའོ༎
༤ ཡཱ་ཝཱེ་ཁྱེད་ཀྱི་གཤེགས་ལམ་རྣམས་ནི་ང་ལ་སྟོན། ཁྱེད་ཀྱི་ཕེབས་ལམ་རྣམས་ནི་ང་ལ་སློབ་པར་མཛོད།
༥ ང་ཡི་སྲོག་སྐྱོབ་དཀོན་མཆོག་ཁྱེད་ལ་ཉིན་གང་སྒུག ཁྱེད་ཀྱི་བདེན་པའི་ནང་དུ་འཁྲིད་ཅིང་སློབ་པར་མཛོད།
༦ ཀྱེ་ཡ་ཧོ་ཝཱ་ཐོག་མ་ཉིད་ནས་ཡོད་པ་ཡི། ཁྱེད་ཀྱི་ཐུགས་རྗེ་རྣམས་དང་བྱམས་གཟིགས་ཐུགས་སུ་དྲོན།
༧ ངའི་གཞོན་དུས་ཀྱི་སྐྱོན་འགལ་རྣམས་ནི་དྲན་མ་མཛད། ཀྱེ་ཡ་ཧོ་ཝཱ་ཁྱེད་ཀྱི་བཟང་བ་ཉིད་ཀྱི་ཕྱིར། ཁྱེད་ཀྱི་བྱམས་གཟིགས་བཞིན་དུ་བདག་ནི་ཐུགས་སུ་དྲོན།
༨ ཡཱ་ཝཱེ་བཟང་ཞིང་དྲང་བས་སྡིག་ཅན་ལ་ལམ་སྟོན།
༩ ཁ་དམན་རྣམས་ནི་ཁོང་གིས་ཁྲིམས་དྲང་ནང་དུ་འཁྲིད། ཁ་དམན་རྣམས་ལ་ཉིད་ཀྱི་གཤེགས་ལམ་སྟོན་པར་འགྱུར།
༡༠ ཡཱ་ཝཱེའི་བཀའ་ཁྲིམས་དང་ནི་ཞལ་ཆད་བསྲུང་མཁན་ལ། ཁོང་གི་གཤེགས་ལམ་ཐམས་ཅད་བྱམས་པ་དང་བདེན་པའོ༎
༡༡ བདག་གི་ཉེས་སྐྱོན་ཆེན་པོ་འདུག་པས་ཀྱེ་ཡཱ་ཝཱེ། ཁྱེད་ཀྱི་མཚན་གྱི་ཆེད་དུ་སེལ་བར་མཛད་དུ་གསོལ།
༡༢ ཡ་ཧོ་ཝཱ་ལ་བག་བྱེད་མི་དེ་སུ་ཡོད་ན། མི་དེའི་འདམ་བྱའི་ལམ་ནང་ཁོང་གིས་ཞལ་གདམས་གནང་།
༡༣ དེའི་སེམས་སྐྱིད་ཅིང་བརྒྱུད་ཀྱིས་ས་གཞི་བདག་པར་འགྱུར།
༡༤ ཡཱ་ཝཱེར་བག་བྱེད་རྣམས་མཉམ་ཁོང་གི་གསང་བ་ཡོད། དེ་ལ་ཁོང་གིས་ཉིད་ཀྱི་ཞལ་ཆད་སྟོན་པར་འགྱུར།
༡༥ བདག་གི་རྐང་པ་རྙི་ལས་ཁོང་གིས་འཁྲོལ་འོང་པས། ཡཱ་ཝཱེའི་ཕྱོགས་སུ་ངའི་མིག་དུས་རྒྱུན་བལྟ་ཡིན་ཡོད།
༡༦ ཐབས་ཟད་སྡུག་པོ་ང་ལ་འཁོར་ཞིང་སྙིང་རྗེ་མཛོད།
༡༧ སྙིང་ཚེར་འཕེལ་བས་སྡུག་བསྔལ་ལས་ང་འདོན་པར་མཛོད།
༡༨ སྡུག་བསྔལ་སྲོག་གཟེར་ལ་གཟིགས་ངའི་སྡིག་ཀུན་སེལ་མཛོད།
༡༩ ཚོད་མེད་སྡང་བའི་ངའི་དགྲ་མང་བས་དེ་ཚོར་གཟིགས།
༢༠ ངའི་སྲོག་སྲུང་བར་མཛད་ཅིང་ང་ནི་སྐྱོབས་པར་མཛོད། བློ་གཏད་ཁྱེད་ལ་ཡིན་པས་ངའི་ངོ་ཚ་མ་ཆུག
༢༡ ཁྱེད་ལ་རེ་བས་སྐྱོན་མེད་དྲང་པོས་ང་སྲུང་ཤོག
༢༢ སྡུག་བསྔལ་ཀུན་ལས་ཨིས་རེལ་སྒྲོལ་མཛོད་ཀྱེ་དཀོན་མཆོག།