དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༢༤
ས་དང་དེའི་ནང་ཡོད་པ་གང་ཀུན་དང་། འཇིག་རྟེན་དང་ནི་དེར་གནས་ཡཱ་ཝཱེའི་ཡིན།༢ དེའི་རྨང་རྒྱ་མཚོ་རྣམས་ཀྱི་སྟེང་བཞག་ནས། ཆུ་ལོག་རྣམས་སྟེང་བརྟན་པར་མཛད་པས་སོ༎
༣ ཡཱ་ཝཱེའི་རི་བོར་སུ་འཛེག་ཁོང་གི་གནས། དམ་པར་སུ་ཞིག་འགྲེང་བར་འགྱུར་ཞེས་ན།
༤ གང་གི་ལག་པ་གཙང་ཞིང་སྙིང་ནི་དག སུའི་སེམས་སྙིང་པོ་མེད་པར་མ་བཏང་བར། གཡོ་སྒྱུའི་མནའ་ནི་མ་བསྐྱལ་པ་རྣམས་སོ༎
༥ དེ་ལ་ཡ་ཧོ་ཝཱ་ནས་བྱིན་རླབས་དང་། སྐྱབས་མཛད་དཀོན་མཆོག་ལས་ནི་དྲང་བ་བརྙེད།
༦ འདི་རྣམས་ཁོང་བཙལ་མཁན་དང་ཡ་ཀོབ་ཀྱི། དཀོན་མཆོག་ཞལ་བཙལ་མཁན་གྱི་བརྒྱུད་རྣམས་ཡིན། [སེ་ལཱ།]
༧ ཀྱེ་རྟ་སྒོ་རྣམས་རང་གི་མགོ་ཡར་ཐེགས། ཀྱེ་སྒོ་རྙིང་པ་རྣམས་མཐོ་བར་འགྱུར་ཤོག དེ་ནས་དཔལ་ལྡན་རྒྱལ་པོ་འབྱོན་པར་འགྱུར།
༨ དཔལ་དང་ལྡན་པའི་རྒྱལ་པོ་ནི་སུ་ཡིན། སྟོབས་དང་མཐུ་དང་ལྡན་པའི་ཡཱ་ཝཱེ་ཡིན། དམག་ནང་དཔའ་བོ་ཡིན་པའི་ཡཱ་ཝཱེ་ཡིན།
༩ ཀྱེ་རྟ་སྒོ་རྣམས་རང་གི་མགོ་ཡར་ཐེགས། ཀྱེ་སྒོ་རྙིང་པ་རྣམས་དེ་རྣམས་ཐེགས་ཤིག དེ་ནས་དཔལ་ལྡན་རྒྱལ་པོ་འབྱོན་པར་འགྱུར།
༡༠ དཔལ་དང་ལྡན་པའི་རྒྱལ་པོ་ནི་སུ་ཡིན། དཔུང་ཆེན་ཡཱ་ཝཱེ་དཔལ་ལྡན་རྒྱལ་པོ་ལགས༎ [སེ་ལཱ།]