དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༢༣
ཡ་ཧོ་ཝཱ་ནི་བདག་གི་རྫི་བོ་ལགས། ང་ལ་འུ་ཐུག་ཅི་ཡང་འབྱུང་མི་འགྱུར།
 ནེ་ཐང་སྔོན་པོ་རྣམས་ལ་ང་ཉལ་འཇུག ངལ་གསོའི་ཆུ་རྣམས་མདུན་དུ་ང་འཁྲིད་མཛད།
 ཁོང་གིས་ངའི་སེམས་སླར་ཡང་འཚོ་རུ་འཇུག ལམ་དྲང་རྣམས་ནང་ཁོང་ཉིད་མཚན་ཕྱིར་སྐྱོང་།
 ཁྱེད་ང་མཉམ་བཞུགས་ཁྱེད་ཀྱི་ཕྱག་འཁར་དང་། དབྱུག་པས་ང་ཡི་སེམས་ནི་གསོ་མཛད་པས། འཆི་བའི་གྲིབ་ཀྱི་ལུང་པར་ང་འགྲོ་ནའང་། རྐྱེན་ངན་ཅི་ལའང་ང་ནི་འཇིགས་མི་འོང་།
 ངའི་དགྲའི་མཐོང་ངོར་ཁྱེད་ཀྱིས་ངའི་མདུན་དུ། གསོལ་ལྕོག་ཤོམ་ཞིང་ངའི་མགོར་འབྲུ་མར་བྱུགས། བདག་གི་ཕོར་པ་དེ་ནི་ལྟེམ་ལྟེམ་གང་།
 ངའི་ཚེའི་ཉིན་མོ་ཀུན་ནང་བཀའ་དྲིན་དང་། ཐུགས་རྗེ་འགྲོགས་པར་འགྱུར་བ་ཏན་ཏན་ནོ། ཡཱ་ཝཱེའི་ཕོ་བྲང་ནང་དུ་རྒྱུན་བསྡད་འོང་༎