དབུ་མཛད་ལ་ཐོ་རངས་ཤ་མོའི་དབྱངས་ནང་དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༢༢
ཀྱེ་ངའི་དཀོན་མཆོག་ཀྱེ་ངའི་དཀོན་མཆོག་ཅི་ཡི་ཕྱིར་ང་སྤངས། ང་ཡིས་རོགས་དང་འོ་དོད་ཞུ་བས་ཅི་ལ་ཐག་རིང་བཞུགས།
 ཀྱེ་ངའི་དཀོན་མཆོག་ཉིན་དུས་འབོད་ཀྱང་ཁྱེད་ཀྱིས་ལན་མི་གནང་། དེ་བཞིན་མཚན་མོའི་དུས་སུའང་བདག་ནི་ཁ་རོག་མི་སྡོད་དོ༎
 ཨིས་ར་ཨེལ་གྱི་བསྟོད་དབྱངས་ཁྲིར་བཞུགས་ཁྱེད་ནི་དམ་པའོ༎
 ངེད་ཀྱི་ཕ་མེས་རྣམས་ཀྱིས་ཁྱེད་ལ་བློ་གཏད་བཅོལ་བ་ཡིན། དེ་ཚོས་ཁྱེད་ལ་བློ་གཏད་བྱས་ནས་ཁྱེད་ཀྱིས་སྐྱོབ་པ་ཡིན།
 དེ་ཚོས་ཁྱེད་ལ་འོ་དོད་བཏང་ནས་ཐར་བར་གྱུར་པ་ཡིན། དེ་ཚོས་ཁྱེད་ལ་བློ་གདེང་བྱས་ནས་ཁྲེལ་བ་མ་ཕོག་གོ།
 ང་ནི་འབུ་ཡིན་མི་མིན་མི་སྡེས་སྨད་དང་བརྙས་པའོ༎
 ང་ལ་ལྟ་རྣམས་དགོད་ཅིང་འཕྱ་ཁ་གདངས་ནས་མགོ་གཡུག་ཅིང་།
 ཁྱོད་རང་ཡཱ་ཝཱེར་ཐོད་ཅིག་ཁོང་ལ་དེ་ནི་སྒྲོལ་དུ་ཆུག དེ་ལ་མཉེས་ན་ཁོང་ལ་དེ་ནི་སྐྱོབ་པར་མཛད་དུ་ཆུག
 ཁྱེད་ཉིད་ཀྱིས་ནི་ང་ནི་མངལ་ནས་ཕྱི་ལ་ཕྱུང་བར་མཛད། ང་ལ་འོ་འཐུང་དུས་ནས་ཁྱེད་ལ་བློ་གདེང་བྱེད་པ་བསླབས།
༡༠ ང་སྐྱེས་ཚུན་ཁྱེད་ལ་བཏད་མའི་མངལ་ནས་ངའི་དཀོན་མཆོག་ཡིན།
༡༡ སྡུག་བསྔལ་ཉེ་སྟེ་ར་མདའ་སུའང་མེད་ཐག་རིང་མ་བཞུགས་ཤིག
༡༢ ང་ནི་གླང་མང་གིས་བསྐོར་བཱ་ཤན་གླང་ཏོ་རེམ་པས་བཀར།
༡༣ གསེད་ཅིང་གཉེར་བའི་སེང་ལྟར་དེ་དག་ང་ལ་ཁ་གདང་ངོ་༎
༡༤ ང་ནི་ཆུ་ལྟར་འབོས་ཏེ་ང་ཡི་རུས་ཀུན་ཚིགས་ནས་ཐོན། ངའི་སྙིང་སྤྲ་ཚིལ་ལྟར་དུ་ངའི་ཁོག་ནང་དུ་བཞུས་ནས་སོང་།
༡༥ རྫ་ཆག་ལྟ་བུར་ངའི་སྟོབས་སྐམས་ནས་ངའི་ལྕེ་དཀན་ལ་འབྱར། ཁྱེད་ཀྱིས་ང་ནི་འཆི་བའི་ཐལ་བའི་ནང་དུ་ཁྱེར་པ་ཡིན།
༡༦ ང་ཁྱི་རྣམས་ཀྱིས་བསྐོར་མི་ངན་ཚོགས་ཀྱིས་ང་བཀར་བྱུང་། བདག་གི་རྐང་ལག་བཞི་ལ་དེ་རྣམས་ཀྱིས་ནི་བུག་པ་བརྟོལ།
༡༧ ངའི་རུས་པ་ཀུན་རྩི་ཐུབ་དེ་རྣམས་ང་ལ་གཞུང་ཞིང་བལྟ།
༡༨ དེ་ཚོས་ང་ཡི་གོས་རྣམས་བགོས་ཏེ་ཆུ་པར་རྒྱན་རྒྱབ་འདུག
༡༩ ཡཱ་ཝཱེ་རྒྱང་རིང་མ་བཞུགས་ཁྱེད་ངའི་སྟོབས་ཀྱིས་རིངས་པས་སྐྱོབ།
༢༠ ངའི་སེམས་རལ་གྲི་དང་ནི་ངའི་སྲོག་ཁྱིའི་དབང་ལས་སྐྱོབ་མཛོད།
༢༡ སེང་གེའི་ཁ་ལས་སྐྱོབ་མཛོད་འབྲོང་རུ་ལས་ང་ཁྱེད་ཀྱིས་བསྐྱབས།
༢༢ སྤུན་ཚོར་ཁྱེད་མཚན་འཆད་ཅིང་ཚོགས་ནང་ཁྱེད་ལ་བསྔགས་པར་བྱ།
༢༣ ཡཱ་ཝཱེར་འཇིགས་མཁན་ཁོང་སྟོད་ཡ་ཀོབ་བརྒྱུད་ཀུན་ཁོང་ལ་སྟོད།
༢༤ སྡུག་པོའི་སྡུག་བསྔལ་ལ་ཡང་ཁོང་གིས་མ་བརྙས་ཞེན་མ་ལོག དེ་ལས་ཞལ་ཡང་མ་སྦས་བོས་དུས་ཁོངགིས་གསན་མཛད་དོ༎
༢༥ མི་ཚོགས་ཆེན་པོའི་དཀྱིལ་དུ་ངས་བསྟོད་པ་དེ་ཁྱེད་ལས་འབྱུང་། ཁོང་ལ་འཇིགས་མཁན་རྣམས་ཀྱི་མདུན་ངས་དམ་བཅས་རྣམས་འཇལ་འོང་།
༢༦ སྙེམས་ཆུང་རྣམས་ཀྱིས་ཟ་བར་བྱ་ཞིང་ཚིམ་པར་འགྱུར་བ་འགྱུར། ཡཱ་ཝཱེ་བཙལ་མཁན་རྣམས་ཀྱིས་ཁོང་ལ་བསྟོད་པ་འབུལ་བར་འགྱུར། ཁྱོད་ཀྱི་སྙིང་ནི་གཏན་གྱི་ཕྱིར་དུ་འཚོ་བར་ཤོག་ཅིག་གུ།
༢༧ ས་མཐའ་ཀུན་གྱིས་དྲན་ཞིང་ཡཱ་ཝཱེའི་དྲུང་ལོག་འོང་བར་འགྱུར། མི་བརྒྱུད་རྣམས་ཀྱི་རིགས་རུས་ཀུན་གྱིས་ཁྱེད་དྲུང་ཕྱག་འཚལ་བྱ།
༢༨ རྒྱལ་སྲིད་ཡཱ་ཝཱེའི་ཡིན་པས་མི་རིགས་རྣམས་ཀྱི་མངའ་བདག་ལགས།
༢༩ ས་གཞིའི་རྒྱགས་པ་ཚང་མས་ཟ་ཞིང་བསྙེན་བཀུར་བྱེད་པར་འགྱུར། གསོན་མི་ཐུབ་པར་མ་ཟད་སའི་ནང་འབབ་པ་ཀུན་གྱིས་འདུད།
༣༠ བརྒྱུད་ཅིག་ཁོང་ལ་རྟེན་ཞིང་བུ་བརྒྱུད་ལ་ཡཱ་ཝཱེའི་ཧུན་གཏང་།
༣༡ དེ་རྣམས་འོངས་ནས་སྐྱེ་བར་འགྱུར་བའི་མི་སྡེ་ལ་ཁོང་གི། ཐུགས་དྲང་འཕྲིན་ལས་འདི་མཛད་ཅེས་ནི་སྟོན་པར་བྱེད་པར་འགྱུར༎