དབུ་མཛད་ལ་དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༢༡
ཡཱ་ཝཱེ་ཁྱེད་ཀྱི་སྟོབས་ནང་རྒྱལ་པོ་དགར་བར་འགྱུར། ཁྱེད་ཀྱི་སྐྱབས་ཀྱིས་དེ་ནི་ཤིན་ཏུ་སེམས་བསོད་འོང་།
 དེ་ཡི་སྙིང་གི་འདོད་དོན་ཁྱེད་ཀྱིས་དེ་ལ་གནང་། དེ་ཡིས་ཁ་ནས་ཅི་ཞུས་ཁྱེད་ཀྱིས་མ་བཅག་གོ། [སེ་ལཱ།]
 བཟང་བའི་བྱིན་རླབས་རྣམས་བཅས་ཁྱེད་ཀྱིས་ཁོང་ལ་བསུས། ཁྱེད་ཀྱིས་དེའི་མགོར་གསེར་ལྷད་མེད་ཀྱི་ཅོད་པན་བསྐོན།
 དེས་ནི་ཚེ་འཚོ་བ་དང་གཏན་གྱི་ཚེ་རིང་ཕྱིར། ཁྱེད་ལ་ཞུས་པ་བཞིན་དུ་ཁྱེད་ཀྱིས་དེ་ལ་གནང་།
 ཁྱེད་ཀྱི་བསྐྱབས་ཀྱི་རྐྱེན་གྱིས་དེ་ཡི་ཟིལ་ནི་ཆེ། ཁྱེད་ཀྱིས་ཞེ་ས་དཔལ་གྱིས་དེ་ནི་བརྒྱན་པར་མཛད།
 ཁྱེད་ཀྱིས་དེ་ནི་གཏན་གྱི་བྱིན་རླབས་རླབས་ཆེན་མཛད། དགའ་སྤྲོས་དེ་ནི་ཁྱེད་ཀྱི་དྲུང་དུ་སེམས་སྐྱིད་མཛད།
 དེ་ནི་རྒྱལ་པོས་ཡཱ་ཝཱེར་བློ་གཏད་བྱས་ཕྱིར་མཛད། བླ་ན་མེད་པའི་བྱམས་བརྩེས་ཁོང་ནི་འབུབ་མི་འགྱུར།
 ཁྱེད་ཀྱི་ཕྱག་གིས་དགྲ་རྣམས་བཙལ་ནས་ཐོབ་པར་འགྱུར། ཕྱག་ནི་གཡས་པས་ང་ལ་སྡང་རྣམས་འདོན་པར་འགྱུར།
 ཁྱེད་ཐུགས་འཁྲོ་དུས་དེ་རྣམས་མེའི་དོང་འདྲ་མཛད་འགྱུར། ཡ་ཧོ་ཝཱ་ཡིས་ཉིད་ཀྱི་ཐུགས་ཁྲོའི་ནང་དེ་རྣམས། མིད་པར་མཛད་ཅིང་མེ་ཡིས་དེ་རྣམས་ཟ་བར་འགྱུར།
༡༠ ཁྱེད་ཀྱིས་དེ་ཚོའི་འབྲས་བུ་ས་ལས་མེད་པར་བྱ། མིའི་བུའི་ཁྲོད་ལས་དེ་ཚོའི་ས་བོན་སྣུབ་པར་འགྱུར།
༡༡ དེ་ནི་དེ་ཚོས་ཁྱེད་ལ་ངན་པ་དམིགས་པས་སོ། དེ་ཚོས་སྒྲུབ་མི་ཐུབ་པའི་བསམ་སྦྱོར་བྱས་པ་ཡིན།
༡༢ ཁྱེད་ཀྱིས་དེ་རྣམས་རྒྱབ་ལོག་སྟོན་པར་འཇུག་མཛད་ཅིང་། དེ་རྣམས་གདོང་ལ་ཟིར་ནས་གཞུ་རྒྱུད་འཐེན་མཛད་འགྱུར།
༡༣ ཡཱ་ཝཱེ་ཁྱེད་ཉིད་མཐུ་སྟོབས་ནང་དུ་གཟེངས་མཐོ་ཤོག ངེད་ཀྱིས་ཁྱེད་ཀྱི་དབང་ལ་བསྟོད་ཅིང་གླུ་ལེན་བྱ༎