དབུ་མཛད་ལ་དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༢༠
ཁྱེད་རང་སྡུག་དུས་ཡཱ་ཝཱེས་བཀའ་ལན་གནང་བར་ཤོག ཡ་ཀོབ་ཀྱི་དཀོན་མཆོག་མཚན་གྱིས་ཁྱེད་ཡར་འདེགས་ཤོག
 གཙང་ཁང་ནང་ནས་ཁྱེད་ལ་བཀའ་ལན་གནང་བར་ཤོག ཙི་ཨོན་ནང་ནས་ཁྱེད་ལ་མཐུ་སྟོབས་སྩལ་བར་ཤོག
 ཁྱེད་ཀྱི་མཆོད་པ་ཐམས་ཅད་ཁོང་གིས་དྲན་པར་ཤོག ཁྱེད་ཀྱི་སྦྱིན་སྲེག་དེ་ཡང་ཁོང་གིས་བཞེས་པར་ཤོག [སེ་ལཱ།]
 ཁྱེད་ཀྱི་སྙིང་གི་འདོད་དོན་ཁོང་གིས་གནང་མཛད་ཅིང་། ཁྱེད་ཀྱི་ལས་བྱུས་ཚང་མ་ཁོང་གིས་སྒྲུབ་མཛོད་ཅིག
 ཁྱེད་ཀྱི་ཐར་པའི་ཕྱིར་དུ་ངེད་རྣམས་ཡི་རང་ཞིང་། ངེད་ཀྱི་དཀོན་མཆོག་མཚན་ནང་དར་ཆེན་སྒྲེང་བར་བྱ། ཡཱ་ཝཱེས་ཁྱེད་ཀྱི་ཞུ་གསོལ་ཐམས་ཅད་སྒྲུབ་པར་ཤོག
 ཡཱ་ཝཱེས་ཁོང་ཉིད་བྱུགས་པ་སྐྱོབ་པ་ད་ངས་ཤེས། ཁོང་གི་སྐྱོབ་པའི་མཐུ་ལྡན་ཕྱག་གཡས་མཉམ་དུ་ནི། ཉིད་ཀྱི་དམ་པའི་གནམ་ནས་བཀའ་ལན་གནང་བར་འགྱུར།
 ཁ་ཅིག་ཤིང་རྟ་ཁ་ཅིག་རྟ་ལ་བློ་གཏོད་ཀྱང་། ངེད་ནི་ཡཱ་ཝཱེ་རང་གི་དཀོན་མཆོག་མཚན་བརྗོད་འོང་།
 དེ་དག་བུབས་ནས་གྱེལ་ཡང་ངེད་ལངས་ནས་ཀེར་ལངས།
 ཀྱེ་ཡ་ཧོ་ཝཱ་སྐྱོབ་པར་མཛོད་ཅིག་ངེད་རྣམས་ཀྱིས། འབོད་དུས་རྒྱལ་པོ་ཁྱེད་ཀྱིས་བཀའ་ལན་གནང་བར་ཤོག།