དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༡༥
ཡཱ་ཝཱེ་ཁྱེད་ཀྱི་གུར་ནང་སུ་འགྲོ་ཞིང་། དམ་པའི་རི་ལ་གང་རྣམས་བསྡད་ཅེ་ན།༢ དྲང་པོར་འགྲུལ་ཞིང་དྲང་པོར་སྤྱོད་མཁན་དང་། སྙིང་ནས་བདེན་པ་སྨྲ་བའི་མི་རྣམས་སོ༎
༣ དེ་ཡི་ལྕེ་ཡིས་པྲ་ཆལ་གཏམ་མི་ཟེར། རང་གི་གྲོགས་པོར་ངན་པ་མི་བྱེད་ཅིང་། ཁྱིམ་མཚེས་པ་ལ་གཏམ་ངན་མི་གཏོང་ངོ་༎
༤ ངན་པ་དག་ལ་དེ་ཚོས་བརྙས་བྱེད་ཀྱང་། ཡཱ་ཝཱེར་འཇིགས་མཁན་རྣམས་ལ་བཀུར་སྟི་བྱེད། རང་ལ་གནོད་ཀྱང་མནའ་ལས་མི་སྒྱུར་ཞིང་།
༥ རང་གི་དངུལ་ནི་སྐྱེད་ཕྱིར་མི་གཏོང་སྟེ། སྐྱོན་མེད་མི་ལ་གནོད་པའི་སྐྱེས་མི་ལེན། འདི་འདྲ་བྱེད་མཁན་ནམ་ཡང་གཡོ་མི་འགྱུར༎