དབུ་མཛད་ལ་དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༡༤
གླེན་པས་སྙིང་ནང་དཀོན་མཆོག་མེད་ཅེས་སྨྲས། དེ་རྣམས་བརླགས་ཏེ་ཞེན་ལོག་ལས་རྣམས་བྱས། ལས་བཟང་བྱེད་མཁན་སུ་ཡང་མི་འདུག་གོ།༢ མཁས་པ་དཀོན་མཆོག་བཙལ་མཁན་ལ་གཟིགས་ཕྱིར། ཡཱ་ཝཱེས་གནམ་ནས་མིའི་བུ་རྣམས་ལ་གཟིགས།
༣ དེ་ཀུན་ལམ་སྟོར་ལྷན་ཅིག་གྲིབ་ཅན་གྱུར། ལས་བཟང་བྱེད་མཁན་སུ་གཅིག་ཀྱང་མི་འདུག
༤ ཡཱ་ཝཱེའི་མི་སྡེ་བག་ལེབ་ལྟར་ཟ་ཞིང་། ཡཱ་ཝཱེའི་མཚན་ནི་མི་བརྗོད་ལས་ངན་པ། བྱེད་མཁན་ཀུན་ལ་བློ་གྲོས་ཅང་མེད་དམ།
༥ དཀོན་མཆོག་དྲང་པོའི་མི་རབས་མཉམ་བཞུགས་པས། འཇིགས་སྐྲག་ཆེན་པོ་དེ་རྣམས་ཐོག་ཏུ་བབས།
༦ ཡཱ་ཝཱེ་དབུལ་པོའི་སྐྱབས་གནས་ཡིན་ཕྱིར་དུ། ཁྱོད་ཚོས་དེ་ཡི་གྲོས་ལ་ཁྲེལ་བར་བྱེད།
༧ ཐར་བར་འགྱུར་བར་འབྱུང་ན་ཅི་མ་རུང་། ཡཱ་ཝཱེས་ཉིད་ཀྱི་མི་སྡེ་བཙོན་ནང་ནས། ཕྱིར་ལོག་འདྲེན་པར་མཛད་པའི་དེ་དུས་སུ། ཡ་ཀོབ་དགའ་ཞིང་ཨིས་རེལ་མགུ་འགྱུར་རོ༎