དབུ་མཛད་ལ་དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༡༣
ཀྱེ་ཡ་ཧོ་ཝཱ་ཁྱེད་ཀྱིས་དུས་ནི་གཏན་ཕྱིར་རམ། ཡང་ན་ནམ་གྱི་བར་དུ་བདག་ནི་བརྗེད་པར་བྱ།
 ནམ་ཐུག་ཁྱེད་ཀྱི་ཞལ་གདོང་ང་ལས་སྦ་བར་བྱ། བདག་གི་སྙིང་ནང་ཉིན་གང་ཁོང་འཁྲུགས་ཡོད་པས་ན། ནམ་ཐུག་བདག་གི་སེམས་ནང་གྲོས་ནི་འདེབས་པར་བྱ། ནམ་ཐུག་བདག་གི་དགྲ་བོ་བདག་སྟེང་འཕགས་པར་འགྱུར།
 ཡཱ་ཝཱེ་ཀྱེ་ངའི་དཀོན་མཆོག་གཟིགས་ཤིང་བཀའ་ལན་གནོང་། འཆི་གཉིད་མི་ལོག་ཕྱིར་དུ་ངའི་མིག་གསལ་པོ་མཛོད།
 དེ་མིན་ངའི་དགྲས་ངས་ཁོ་ཐུབ་བྱུང་ཟེར་བར་འགྱུར། བདག་ནི་གཡོ་དུས་ངའི་དགྲ་དགའ་བ་བྱེད་པར་འགྱུར།
 འོན་ཀྱང་ང་ནི་ཁྱེད་ཀྱི་ཐུགས་རྗེར་བློ་གཏད་པས། ཁྱེད་ཀྱི་སྐྱབས་ཀྱིས་ངའི་སྙིང་དགའ་མགུ་རང་བར་འགྱུར།
 ཡཱ་ཝཱེས་བཀའ་དྲིན་མཛད་པས་ཁོང་ལ་ངས་དབྱངས་དབུལ༎