དབུ་མཛད་ལ་ཤེ་མི་ནིད་ཀྱི་དབྱངས་ནང་དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༡༢
ཆོས་དྲང་ཟད་ཅིང་མིའི་བུའི་ཁྲོད་ལས་ནི། བག་ལྡན་ཚར་པས་ཡཱ་ཝཱེ་སྐྱབས་མཛོད་ཅིག༢ རེ་རང་ཁྱིམ་མཚེས་པ་ལ་བརྫུན་ཟེར་རོ། ཟོག་པོའི་མཆུ་དང་ཁ་གཏིང་མི་མཐུན་ཞིང་།
༣ ཡཱ་ཝཱེས་ངོ་བསྟོད་བྱེད་པའི་ཁ་ལྤགས་དང་། གཏམ་སྦོམ་གླེང་པའི་ལྕེ་ནི་གཅོད་པར་འགྱུར།
༤ དེ་ཚོས་ལྕེས་ནི་རྒྱལ་འོང་ཁ་ལྤགས་ནི། རང་གི་ཡིན་ཅིང་ངེད་མགོན་སུ་ཡོད་ཟེར།
༥ དབུལ་པོ་འཇོམས་པས་ནོར་མེད་ཤུགས་ནར་ཕྱིན། ཡཱ་ཝཱེས་ད་ང་བཞེངས་ཤིང་དེ་རྣམས་ཀྱིས། ཕུ་ཕུ་སྨྲས་པ་དེ་བདེ་སར་བཞག་གོ་གསུང་།
༦ ཡཱ་ཝཱེའི་བཀའ་ནི་ས་ཡི་ཐབ་ནང་དུ། ཞུས་ནས་ལན་བདུན་ལྷད་བཏོན་དངུལ་འདྲ་གཙང་།
༧ ཡཱ་ཝཱེ་ཁྱེད་ཀྱིས་དེ་རྣམས་བསྐྱང་བར་འགྱུར། མི་ཐོག་འདི་ནས་རྟག་ཏུ་སྐྱོབས་པར་འགྱུར།
༨ མིའི་བུའི་དཀྱིལ་དུ་ངན་ལ་བསྟོད་ཙ་ན། སྡིག་སྤྱོད་རྣམས་ནི་ཕྱོགས་ཀུན་འཁོར་བར་བྱེད༎