དབུ་མཛད་ལ་དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༡༡
ཡ་ཧོ་ཝཱ་ལ་ང་ཡིས་བློ་གཏད་བྱེད། བྱ་ལྟར་རང་གི་རི་ལ་ཕུར་ཞིག་ཅེས། ཅི་ལ་ང་ཡི་སེམས་ལ་ཟེར་བར་བྱེད།
 མུན་པར་དྲང་པོའི་སྙིང་ལ་མདའ་རྒྱབ་ཕྱིར། ལྟོས་ཤིག་ངན་པའི་མིས་ནི་གཞུ་བསྐྱིལ་ཏེ། གཞུ་རྒྱུད་སྟེང་དུ་མདའ་མོ་འཇོག་པར་བྱེད།
 རྩིག་རྨང་བཤིག་ན་དྲང་པོས་ཅི་བྱར་ནུས།
 ཡཱ་ཝཱེ་ཉིད་ཀྱི་མཆོད་ཁང་དམ་པར་བཞུགས། ཡཱ་ཝཱེའི་རྒྱལ་ཁྲི་ནམ་མཁའི་ནང་ན་ཡོད། སྤྱན་གྱིས་མི་ཡི་བུ་རྣམས་ལ་གཟིགས་ཤིང་། སྤྱན་ལྤགས་ཀྱིས་ནི་མི་རྣམས་སར་གཅོད་དོ༎
 ཡཱ་ཝཱེས་དྲང་པོར་ཚོད་གཟིགས་ཁོང་ཐུགས་ཀྱིས། མི་ངན་བརྡབས་སིགས་དགའ་བར་སྡང་བར་མཛད།
 མི་ངན་སྟེང་དུ་རྙི་ཡི་ཆར་འབེབས་འགྱུར། དེ་ཚོའི་ཕོར་པའི་ནང་གི་སྐལ་པ་ནི། མེ་དང་མུ་ཟི་ཚད་རླུང་ཡིན་པར་འགྱུར།
 ཡཱ་ཝཱེ་དྲང་བས་དྲང་བ་ཉིད་ལ་དགྱེས། དྲང་པོས་ཁོང་གི་ཞལ་གདོང་མཇལ་བར་འགྱུར༎