དབུ་མཛད་ལ་སྒྲ་སྙན་གྱིས་ཤེ་མི་ནིད་ཀྱི་དབྱངས་ནང་དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༦
ཁྱེད་ཀྱེ་ཡཱ་ཝཱེའི་ཐུགས་ཁྲོའི་ནང་ན་ངར་མ་ཀྱོན། ཁྲོ་གཏུམ་ནང་དུའང་ང་ལ་བཀའ་ཆད་མ་གནང་ཞིག༢ ཀྱེ་ཡ་ཧོ་ཝཱ་ང་ནི་རྒུད་པས་སྙིང་རྗེ་མཛོད། ང་རུས་ན་བས་གསོ་བར་མཛོད་ཅིག་ཀྱེ་ཡཱ་ཝཱེ།
༣ ང་སེམས་ཤིན་ཏུ་འཁྲུགས་པས་ནམ་ཐུག་ཀྱེ་ཡཱ་ཝཱེ།
༤ ཚུར་ལོག་ཕེབས་མཛད་ཡཱ་ཝཱེ་ངའི་སྲོག་སྐྱོབ་ཏུ་གསོལ། ཁྱེད་ཉིད་བྱམས་ཐུགས་ཕྱིར་དུ་ང་ནི་སྐྱོབ་པར་མཛོད།
༥ ཅི་ལ་ཞུ་ན་ཤི་ནས་ཁྱེད་ཀྱི་དྲན་མི་འགྱུར། རོ་ཁང་ནང་ནས་སུས་ནི་ཁྱེད་ལ་གཏང་རག་འབུལ།
༦ ང་ནི་འཁུན་གྱིན་འཁུན་གྱིན་ཟུངས་ཡང་ཆད་པར་འགྱུར། མཚན་མོ་རེ་རེར་བདག་གིས་མལ་སྟན་རྐྱལ་འཇུག་ཅིང་། བདག་གི་མཆི་མས་རང་གི་མལ་ཁྲི་འབང་བར་བྱེད།
༧ ཁོང་འཁྲུགས་རྐྱེན་གྱིས་བདག་གི་མིག་ནི་སྒྲིབ་ཀྱིན་འགྲོ། དགྲ་བོ་ཀུན་གྱིས་རྐྱེན་ཏེ་ང་ནི་རྒས་སུ་འཇུག
༨ ཡ་ཧོ་ཝཱ་ཡིས་ང་ཡི་ངུ་སྐད་གསན་ཟིན་པས། སྡིག་སྤྱོད་ཐམས་ཅད་ང་ཡི་དྲུང་ནས་ཕར་སོང་ཞིག
༩ ཡ་ཧོ་ཝཱ་ཡིས་བདག་གི་གསོལ་འདེབས་གསན་ཟིན་པས། ཡ་ཧོ་ཝཱ་ཡིས་བདག་གི་སྨོན་ལམ་བསྐང་བར་འགྱུར།
༡༠ བདག་གི་དགྲ་ཀུན་ངོ་ཚས་རབ་ཏུ་ཉོན་མོངས་འོང་། དེ་དག་ཕྱིར་ལོག་འགྲོ་ཞིང་བློ་བུར་སྐྱེངས་པར་འགྱུར༎