བེན་ཡ་མིན་པ་ཀུས་ཀྱི་ཚིག་ལ་བརྟེན་ནས་ཡ་ཧོ་ཝཱ་ལ་ཕུལ་པའི་དཱ་བིད་ཀྱི་ཤིག་གཱ་ཡོན་ཞིག་ནི།
༧
ཡཱ་ཝཱེ་བདག་གི་དཀོན་མཆོག་ཁྱེད་ལ་བློ་གཏད་བྱེད། ང་ལ་དེད་མཁན་ཀུན་ལས་སྐྱོབས་ཤིག་བདག་སྒྲོལ་མཛོད།༢ དེ་མིན་སེང་གེ་བཞིན་དུ་ཁོས་ངའི་སྲོག་གསེད་ཅིང་། སྐྱོབ་མཁན་སུ་ཡང་མེད་པར་དུམ་བུར་ཁོས་གཏུབ་འགྱུར།
༣ ཡཱ་ཝཱེ་བདག་གི་དཀོན་མཆོག་ངས་འདི་བྱས་ཡོད་ན། ཡང་ན་བདག་གི་ལག་ནང་ཉེས་པ་ཞིག་ཡོད་ན།
༤ བདག་གིས་གྲོགས་པོར་བཟང་ལན་ངན་གྱིས་བཅལ་ཡོད་ན། [འོན་ཀྱང་དོན་མེད་བདག་ལ་སྡང་བའང་ངས་སྐྱོབས་སོ།]
༥ དེ་ནས་དགྲ་ལ་ངའི་སྲོག་ལ་བདས་ནས་འཛིན་པར་ཤོག ཁོས་ངའི་སྲོག་ནི་རྐང་པས་བརྫིས་ཏེ་ས་ནང་དང་། བདག་གི་དཔལ་དེ་ས་ཡི་རྡུལ་དུ་རློག་པར་ཤོག [སེ་ལཱ།]
༦ ཉིད་ཀྱི་ཐུགས་ཁྲོའི་ནང་ན་བཞེངས་མཛོད་ཀྱེ་ཡཱ་ཝཱེ། བདག་གི་དགྲ་བོ་རྣམས་ཀྱི་ཁོང་ཁྲོར་རྒོལ་དུ་བཞེངས། ཁྱེད་གཤགས་བཀའ་ནི་གནང་ཟིན་ངའི་དོན་མནལ་སོད་ཅིག
༧ མི་སྡེ་རྣམས་ཀྱི་མི་ཚོགས་ཁྱེད་ལ་འཁོར་བར་ཤོག དེ་དག་སྟེང་དུ་མཐོ་སར་ཁྱེད་གདན་འཁོར་བར་མཛོད།
༨ ཡཱ་ཝཱེས་མི་སྡེ་རྣམས་ཀྱི་གཤགས་དྲང་མཛད་པས་ན། ཀྱེ་ཡ་ཧོ་ཝཱ་ངའི་ནང་ཡོད་པའི་དྲང་པོ་དང་། ང་ཡི་དྲང་བ་ཉིད་དང་བསྟུན་ཏེ་ཞལ་ཆེ་ཆོད།
༩ དཀོན་མཆོག་དྲང་པོས་སྙིང་དང་མཁལ་མར་ཞིབ་དཔྱོད་པས། ཨེ་མ་མི་ངན་དག་གི་སེམས་ངན་ཚར་ཆད་ཤོག འོན་ཀྱང་ཆོས་དྲང་རྣམས་ནི་ཁྱེད་ཀྱིས་འཇགས་པར་མཛོད།
༡༠ སྙིང་དྲང་མི་རྣམས་སྐྱོབ་པའི་དཀོན་མཆོག་ངའི་ཕུབ་ཡིན།
༡༡ ཁྲིམས་དཔོན་དྲང་པོ་ཞིག་ནི་དཀོན་མཆོག་ཁོང་ལགས་སོ། ཉིན་རེར་ཐུགས་འཁྲོ་བ་ཡི་དཀོན་མཆོག་ཀྱང་ལགས་སོ༎
༡༢ འགྱོད་ཚངས་མི་བྱེད་པ་ན་ཁོང་གིས་རལ་གྲི་རྡར། ཁོང་གིས་གཞུ་མོ་བསྐྱིལ་ནས་རྒྱབ་ཆོག་མཛད་ནས་འདུག
༡༣ ཁོང་གིས་དེའི་ཕྱིར་སྲོག་ལེན་ལག་ཆ་བཤམས་ནས་འདུག ཉིད་ཀྱི་མདའ་རྣམས་མེ་འབར་བ་ཡི་མདའ་རུ་མཛད།
༡༤ ལྟོས་ཤིག་ཁོ་ལ་སྡིག་པའི་སྐྱེ་གཟེར་གྱིས་ཐེབས་འདུག འོ་ན་མངལ་ནང་ཟོལ་ཟོག་ཆགས་ནས་བརྫུན་སྐྱེས་སོ༎
༡༥ མི་དེས་གཏིང་ཟབ་ས་དོང་འབྲུ་བར་བྱས་པ་དང་། རང་གིས་བྱས་པའི་ས་དོང་ནང་དུ་ཁོ་རང་ལྷུང་།
༡༦ ཁོ་ཡི་ཟོལ་ཟོག་ཁོ་རང་མགོའི་ཐོག་ལོག་པར་འགྱུར། ཁོ་ཡི་དབང་ཆོས་ཁོ་རང་ཐོད་པར་འབབ་པར་འགྱུར།
༡༧ ཡཱ་ཝཱེའི་དྲང་པོར་མཚུངས་པའི་གཏང་རག་ངས་འབུལ་བྱ། བླ་མེད་ཡཱ་ཝཱེའི་མཚན་ལ་སྟོད་དབྱངས་འབུལ་བར་བྱའོ༎